R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༢ན-༡༩༣
[A:༢ན-༡༩༣] ༄༅། ། ཉམས་དགའ་བར། །གྲུབ་པའི་རིང་ལུགས་ཐོགས་མེད་སྨྲ་བ་ཡི། །སེང་གེ་དེ་ནི་རྒྱལ་བ་ཀུན་གྱི་ཡབ། །ལྷར་བཅས་འགྲོ་བའི་ཕྱག་གི་གནས་ཡིན་ནོ། །གང་གི་རྣམ་ཐར་ལོ་རྒྱུས་མེ་ཏོག་ཕྲེང། །སྙན་ཚིག་ཡི་གེའི་སྲད་བུ་ལ་བརྒྱུས་ཏེ། །བསྐལ་བཟང་མཛེས་མའི་ཐོད་ལ་བཅིངས་པ་ཡིས། །སྐྱེ་དགུའི་མིག་ལ་ངོ་མཚར་སྟོན་པར་བྱ། །དེ་ཡང་བདག་ཅག་རྣམས་ཀྱི་དཔལ་ལྡན་བླ་མ་དམ་པ། ཐུབ་བསྟན་ཆུ་སྐྱེས་སྐྱོང་བའི་ཉིན་བྱེད། །དགེ་ལེགས་ཀུནྡ་བཞད་པའི་ཟླ་བ། །ཕན་བདེའི་འབྲས་བུ་སྩོལ་བའི་དཔག་བསམ། །འགྲོ་ཀུན་ཐར་ལམ་འདྲེན་པའི་ལྕགས་ཀྱུ། །འཁོར་བའི་མཚོ་ལས་སྒྲོལ་བའི་གྲུ་གཟིངས། །ཐར་ལམ་འཁྲུལ་མེད་སྟོན་པའི་ས་མཁན། །མ་རིག་མུན་པ་སེལ་བའི་སྒྲོན་མེ། །མཁན་ པོ་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་འདི་ཉིད་ངེས་པའི་དོན་དུ་ཡང་དག་སར་རྫོགས་པའི་སངས་རྒྱས་ཐམས་ཅད་དང་སྐུ་དང་གསུང་དང་ཐུགས་ཀྱི་ཡེ་