R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༢བ-༢༡༤
[A:༡༢བ-༢༡༤] ལན་ཀླན་པས། རྗེ་འདིའི་དགོངས་པ་ལ་ཁོས་ང་ལ་ངན་བྱས་པ་ལ་མི་བདེ་བའི་ཡིད་ནི་མེད། སློབ་དཔོན་པའི་དགོངས་པ་ནི་བདག་ལ་སངས་རྒྱས་ཀྱི་བསྟན་པའི་ཞབས་འདེགས་ཀྱི་ཐུགས་རེ་བ་ཆེན་པོ་ཞིག་འདུག་པས། ད་ནི་བདག་གིས་ཅི་ནས་ཀྱང་མཁོས་ནུས་ཅི་ལྕོགས་ཀྱིས་བརྩོན་པ་ཆེན་པོས་བསླབ་སྦྱངས་ལ་འབད་དེ་ཐུགས་བཞེད་གྲུབ་པ་ཅིག་བྱེད་དགོས་དགོངས་པ་བྱུང་གསུང། རྒྱུ་གཉིས་པ་ནི། གཞོན་ལས་ཐོན་པའི་དུས། ཉིན་ཅིགདབུ་མཛད་བསམ་གཏན་པ་བྱ་བའི་ངོར་པ་ཕྱོགས་ཀྱི་གསང་སྔགས་ཀྱི་ཕྱག་ལེན་ལ་འདྲིས་པ། རྒྱུན་གྱི་ཐུགས་དམ་ཀྱེའི་རྡོ་རྗེ་ལ་མཛད་དེ་བྱིན་རླབས་དང་ནུས་པར་ལྡན་པ་ཞིག་ཡོད་པ། ཆོས་གྲུབ་ཁྱོད་རང་ངའི་རྗེས་ལ་ཤོག་ཤིག། ཁྱོད་ལ་བསླབ་བྱའི་གླེང་མོ་འདྲ་བྱེད་རྒྱུ་ཡོད་པ་ཡིན་གསུང་བ་བཞིན་ཕྱིན་པས། ད་ཁྱོད་རང་གི་གཞོན་ལས་ནི་ཐོན། སློབ་དཔོན་སོགས་མགོ་འདོན་ཆེད་གཉེར་བ་རང་ཅིག་མི་འདུག་པས། ཁྱོད་ཀྱིས་མདོ་ཕྱོགས་ཀྱི་སློབ་གཉེར་ཅིག་མི་འོང། དེ་བས་ཁྱོད་རང་དུས་ཀྱི་འཁོར་ལོའི་མངོན་དཀྱིལ་གཟུང། རྩིས་ཅིག་ཀྱང་བསླབས། གསང་སྔགས་ཀྱི་ལག་ལེན་སློབ་གཉེར་འདྲ་བྱས་པ་དྲག། ཁྱོད་རང་གི་སློབ་དཔོན་ཡང་དགོངས་པ་རྫོགས་འོང་གསུང་གདའ་བས། འཕྲལ་དུ་དེ་ཀ་ལྟར་བྱེད་པར་བྱས། ཁོང་གི་བསླབ་བྱ་དེ་ལྷག་བསམ་རྣམ་དག་ཏུ་འདུག་རུང། ངེད་རང་བསམ་མནོ་ཡིད་ཡུལ་དུ་