R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༧༤བ-༣༣༨
[A:༧༤བ-༣༣༨] མཆོག་ནམ་མཁའ་དང་རྒྱུད་ལེའུ་གསུམ་པ། མཁའ་འགྲོ་མ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཉིས་སུ་མེད་པ་གསང་བ་བསམ་གྱིས་མི་ཁྱབ་པ་ཡེ་ཤེས་རྡོ་རྗེ། ཕག་མོ་མངོན་འབྱུང་ཞེས་བྱ་བ་རྩ་རྒྱུད་ལེའུ་བཅུ་གསུམ རྒྱུད་ཕྱི་མ་ལེའུ་གཉིས་དང་བཅས་པ། རྡོ་རྗེ་ནག་པོ་ཆེན་པོ་མགོན་པོ་གསང་བ་དངོས་གྲུབ་འབྱུང་བའི་ལེའུང་ཉི་ཤུ་རྩ་ལྔ་པ། སངས་རྒྱས་ཐོད་པ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ལེའུ་བཅུ་བཞི་པ། སྒྱུ་འཕྲུལ་ཆེན་མོའི་རྒྱུད་ལེའུ་གསུམ་པ། རྀ་ཥི་ཨ་ར་ལིའི་རྒྱུད་ལེའུ་བཞི་པ། བཛྲ་ཨ་ར་ལིའི་རྒྱུད་ལེའུ་བཅུ་པ། རྡོ་རྗེ་གདན་གཞིའི་རྒྱུད། ཅ་པ་ལ། དེའི་བཤད་རྒྱུད་སྔགས་ཀྱི་ཆའི་རྒྱུད་ཀྱི་རྒྱལ་པོ། རྣལ་འབྱོར་ཐམས་ཅད་གསང་བའི་རྒྱུད་ཀྱི་རྒྱལ་པོ། དཔལ་གཏུམ་པོ་ཁྲོ་བོ་ཆེན་པོའི་རྒྱུད། མི་གཡོ་བའི་རྒྱུད། ཁྲོ་བོའི་རྒྱལ་པོ་ཐམས་ཅད་གསང་བའི་རྒྱུད། མི་གཡོ་བའི་གསང་རྒྱུད། རྡོ་རྗེ་བདུད་རྩིའི་རྒྱུད། དཔལ་པད་མ་འབར་བ་ཆེན་པོ་ལས་བྱུང་བའ་རིགས་ཀྱི་འཇིག་རྟེན་མགོན་པོ་ལྔ་བཅུ་པ་ལེའུ་བཞི་པ། སྒྲོལ་མ་ཀུ་རུ་ཀུ་ལླེའི་རྟོག་པ་ལེའུང་ལྔ། སྒྲོལ་མ་མངོན་འབྱུང་གི་རྒྱུད་ལེའུ་ལྔ་བརྒྱ་བདུན་བཅུ་པ་ནས་ཕྱུང་བའི་ཕྱག་འཚལ་ཉི་ཤུ་རྩ་་གཅིག་གི་བསྟོད་པ་ཕན་ཡོན་དང་བཅས་པ། རྡོ་རྗེ་ཕུར་བུ་རྩ་བའི་རྒྱུད་ཀྱི་དུམ་བུ། ནག་པོ་ཆེན་པོའི་རྒྱུད་ལེའུ་ལྔ་བཅུ་པ།