R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༥བ-༢༠༠
[A:༥བ-༢༠༠] པའི་དུས། ཇོ་མོ་དང་སྲས་གཉིས་ཀྱིས་ཕྱོགས་ཐམས་ཅད་དུ་བཙལ་བས་མ་རྙེད་པར། རོང་ན་མར་བྱོན་པའི་ཚེ་ཕུག་པ་འདུག་པ་མཐོང་བས། ཕུག་པ་ཡ་གི་འདྲ་ན་བཞུགས་པའང་སྲིད་ཟེར་ཞིང་བལྟ་བར་བྱོན་པ་དང་མཇལ། འགྲོ་མགོན་གྱིས་མི་ཟས་ཕལ་ཆེར་མ་བསྟེན་པའི་ཤུགས་ཀྱིས་བཞིན་མི་སྡུག་ཅིང། སྨིག་མ་དང་སྨ་ར་ནི་རབ་ཏུ་རྒྱས། དབུ་སྐྲས་སྐུ་རྐེད་ནོན་པ་ཙམ་དུ་སླེབ་པ་དེ་མཐོང་བས། མི་མ་ཡིན་ཞིག་ཡིན་ནམ་བསམ་ཕྱིར་འབྲོས་པར་བརྩམས་པའི་ཚེ། ང་ཡིན་མ་འབྲོས་ཤིག་གསུངས་པས། གསུང་ངོ་ཤེས་ནས་དགྱེས་པར་གྱུར། དེར་ཡུམ་སྲས་གཉིས་ལའང་གདམས་ངག་ཕོག། སྲས་བྲག་ཕུག་དེ་ཀའི་སྟེངས་ན་ཕུག་པ་ཅིག་ཡོད་པ་དེར་བཞུགས། ཡུམ་གྱིས་ཡབ་སྲས་གཉིས་ཀྱི་ཞབས་ཏོག་མཛད། ཤ་བའི་རོ་ཅིག་རྙེད་པ་ལ་བརྟེན་ནས་སྒྲུབ་པ་མཛད་པའི་ཚེ། གཏོར་མ་ལ་བྱིའིུ་གནོད་པ་ཆེར་བྱུང་བ་ལ། ཡུམ་གྱིས་གཏོར་མ་འདི་ཐོག་ལ་འདོགས་པ་ཅིག་ཡོད་ན་ཡོང་བ་འདུག་སྟེ་གསུངས་པས། གཙང་སྨྱོན་ཆེན་པོས་འདི་ལ་ཐོགས་གསུང་ཕྱག་འཛུབ་ཀྱིས་བྲག་ལུང་ཕུག་པས་ཕྱག་འཛུབ་ཀྱི་རྗེས་དང་བཅས་པ་བྱུང། ཡང་རེ་ཤིག་ན། ཡུམ་གྱིས་སྲས་ལ་གསོལ་བ་ཞུ་བ་སྐོར་ཐག་རིང་བ་འདུག་པས། མཐོངས་འདི་ལ་བུག་པ་ཅིག་ཡོད་ན་ཡོང་ཐང་པ་ཞུས་པས་དེ་འདྲ་ཡོང་གསུང། འཇིམ་པ་