R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༧༢
[A:༢༧༢]དེ་ནས་ལྷོ་ཕོགས་སུ་ཕྱིན། རྒྱལ་པོ་བདེ་བྱེད་སྒྲ་སློབ་པར་འདོད་པ་ལ། སྒྲ་པཱ་ཎི་ཡོངས་སུ་རྫོགས་པར་ཤེས་པའི་སློབ་དཔོན་མ་རྙེད་ནས། ཀླུའི་རྒྱལ་པོ་ཤེ་ཥ་ཞེས་བྱ་བ་པཱ་ཎི་པ་ཡོངས་སུ་རྫོགས་པ་ཤེས་པ་ཞིག་ཡོད་པར་ཤེས་ནས། བྲམ་ཟེ་མཆོག་སྲེད་ཀྱི་རིག་སྔགས་ཀྱི་མཐུས་བཀུག་ནས་ཤླཽ་ཀ་འབུམ་གྱི་པཱ་ཎི་པའི་དོན་ཐམས་ཅད་རྒྱ་ཆེར་འགྲེལ་ནུས་པར་འཆད་པར་བྱས་ཤིང་། སློབ་དཔོན་གྱིས་ཡི་གེར་འབྲི་བ་ལས། དེ་གཉིས་ཀྱི་བར་དུ་ཡོལ་བས་ཆོད་པར་བྱས་སོ། །ཤླཽ་ཀ་སྟོང་ཕྲག་ཉི་ཤུ་རྩ་ལྔ་སོང་བ་ན། དེའི་ལུས་ནི་ཅི་འདྲ་སྙམ་སློབ་དཔོན་གྱིས་ཡོལ་བ་བཏེགས་ནས་བལྟས་པས། སྦྲུལ་ཆེན་པོ་འགྱིང་བ་མཐོང་། ཀླུ་ཡང་ངོ་ཚ་ནས་བྲོས་སོ། ། དེ་མན་ཆད་དུ་སློབ་དཔོན་ཉིད་ཀྱིས་འགྲེལ་པ་བྱས་ཏེ། དེ་ལ་ནི་ཚིགས་སུ་བཅད་པ་སྟོང་ཕྲག་བཅུ་གཉིས་ཀྱི་ཚད་ལས་མེད་དོ། །དེ་གཉིས་བསྡོམས་པ་ལ་ཀླུས་བསྟན་པའི་བརྡ་སྤྲོད་པ་ཞེས་གྲགས། དེར་སྒྲ་ལ་སོགས་པའི་རིག་པའི་གནས་རྣམས་ཀྱང་མང་དུ་བསྟན། མཐར་ནག་པོ་ཆེན་པོས་ཕྲག་པ་ལ་ཐོགས་ཏེ། རི་རབ་ཀྱི་རྩེ་མོ་ཡོངས་འདུ་ས་བརྟོལ་གྱི་གནས་སུ་གཤེགས་སོ། །ཞེས་གྲགས་སོ། ། དེར་རྒྱལ་པོ་བདེ་བྱེད་སློབ་དཔོན་མཆོག་སྲེད་ཀྱིས་བྱས་པའི་འགྲེལ་པ་ལ་ཡིད་མ་ཆེས་པར། བྲམ་ཟེ་སཔྟ་ཝརྨ་གཞོན་ནུ་གདོང་དྲུག་བསྒྲུབ་ཏུ་བཅུག་གོ། །གྲུབ་ནས་ཁྱོད་ཅི་འདོད་ཟེར་བ་ལ། ཨིནྡྲ་བྱཱ་ཀ་ར་ཎ་ཤེས་པར་འཚལ་ལོ་བྱས་པས། སིདྡྷི་ཝརྞས་མ་ནཱ་ཡ། ཞེས་བརྗོད་པ་ཙམ་གྱིས་སྒྲའི་དོན་མདའ་དག་ཤེས་སོ། ། སྔར་བོད་དུ་གྲགས་པའི་ལོ་རྒྱུས་ལྟར་ན། ཀ་ལཱ་པའི་ཀུན་བཤད་བཞི་