R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༤༡
[A:༢༤༡] མེ་མོ་བྱ་ལ་མཉན་ཡོད་བྱ་གཤོངས་ཀྱི་ཁྲིར་འཁོད་དེ། ལོ་ངོ་བདུན་དུ་འཆད་བའི་རྒྱུན་བསྲིངས། ཞེ་དགུ་པ་ཆུ་མོ་ཡོས་ལ་དཔལ་ངམ་རིངས་ཀྱི་དབུ་མཛད་དང་། ཡ་ག་ཆོས་སྡིང་ཀྱི་བཤད་གྲྭ་བསྐྱངས། ལྔ་བཅུ་རྩ་གསུམ་པ་མེ་མོ་ལུག་ལ། ཆོས་སྡེ་ཆེན་པོའི་ཁྲི་ཆེན་པོ་ལ་ཞབས་བརྟེན་ནས་ལོ་བཅོ་བརྒྱད་དུ་བསྟན་པ་བསྐྱངས། བདུན་ཅུ་པ་ཤིང་ཕོ་བྱི་ལོ་འདི་ཉིད་ལ་དག་པའི་ཞིང་དུ་ཕེབས་སོ།) དེ་ལྟར་ཁོ་བོའི་བསྟན་རྩིས་འདི་ནི། ཤིང་ཕོ་བྱི་ལོ་ནས་འགོ་བརྩམས་དེ་མེ་ཕོ་སྟག་ལོར་རྫོགས་པར་གྲུབ་པ་ཡིན་ནོ། འདི་ཡན་གྱི་[བསྟན] རྩིས་རྣམས་ནི། འདས་ལོ་ནས་ལོ་གྲངས་སུམ་སྟོང་དྲུག་བརྒྱ་དགུ་བཅུ་རྩ་དགུ་པ་སུམ་སྟོང་བདུན་བརྒྱར་ཉག་མ་གཅིག་གིས་མ་ཆོག་པའི་ལོ་དེ་ཡིན་ནོ། ཞེས་ཤེས་པར་མཛོད་ཅིག སུམ་སྟོང་དྲུག་བརྒྱ་སོ་བདུན་འདས་པའི་སོ་བརྒྱད་པ་ཤིང་མོ་གླང་
སྤྱི་ལོ་༡༥༠༥
ལ་རྒྱལ་བ་སྐྱིད་གཤོངས་པ་བློ་གྲོས་རྣམ་རྒྱལ་འདར་སྐྱིད་གཤོངས་སུ་བྱོན། བཅོ་བརྒྱད་པ་ལ་མཉན་ཡོད་དུ་ལྕགས་ཐང་ཆོས་རྗེའི་ཞབས་པད་བསྟེན་ཏེ་མདོ་ཕྱོགས་སྦྱངས། ཕྱིས་སུ་རྗེ་བློ་གསལ་རྒྱ་མཚོ་དང་། རྗེ་ཀུན་དགའ་གྲོལ་མཆོག་དྲུང་དུ་གསུང་ངག་སོགས་སྔགས་ཀྱི་ཟབ་དོན་བླངས། ཉི་ཤུ་རྩ་ལྔ་པ་ལ་དཔལ་འཁོར་བདེ་ཆེན་དང་ཉེར་དྲུག་པ་ལ་བྱང་ངམ་རིངས་སུ་བཤད་པའི་སྙན་གྲགས་ཆེས་ཆེར་ཁྱབ། ཉེར་བདུན་པ་ལ་དཔལ་ཆོས་འཁོར་གླིང་གི་བཤད་གྲྭ་གཟུང་སྟེ་ལོ་བཅུར་བསྟན་པ་སྤེལ། ལོ་བརྒྱད་པ་ལ་མཉན་ཡོད་ཀྱི་གདན་སེང་གེའི་ཁྲི་མནན་ཏེ་ལོ་བརྒྱད་དུ་ལུང་རིགས་ཀྱིས་བསྟན་པ་བཟུང་། མི་