R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༨༤
[A:༡༨༤] བཏབ་ཀྱང་མ་གནང་སྟེ། ཁོ་བོ་ལས་ཆེས་ལྷག་པ་ཞིག་སྒྲུབ་གསུང་དཔང་ལོ་ཆེན་པོ་ཉིད་སྤྱན་དྲངས། བྱང་ཆུབ་ཀྱི་ཐུགས་ཀྱིས་བཤད་སྒྲུབ་ཀྱི་བསྟན་པ་ཆེས་ལྷག་པར་བསྒྲུབས་ཏེ་རེ་བདུན་ས་གླང་ལོར་དབུས་ལ་བྱོན། ཏའི་སི་ཏུ་བྱང་རྒྱལ་དང་མཇལ་ཚུར་ཞབས་གཏུགས་ཟེར་བས། ཐེག་ཆེན་ཆོས་རྗེའི་བཅུ་གསུམ་ལོན་པའི་སི་ཏུ་བ་གཤེགས་པའི་ལོ་དེ་ཙམ་ཡིན་པར་སེམས། གང་ནའང་དོན་ལྔ་པ་ལྕགས་ཕག་(ས་བྱ) ཚེས་ཉི་ཤུ་ལ་ཞི་བར་གཤེགས་སོ། སློབ་མའི་མཆོག་ནི། བུ་དོལ་ཆོས་རྗེ་བླ་མ་ལོ་ཆེན་བྱང་རྩེ་སོགས་མཐའ་ཡས་ཤིང་། གཙོ་བོར་རྒྱུད་འཛིན་ནི་དཔལ་ལྡན་སེང་གེ་སོགས་སོ། རྒྱལ་སྲས་པ་བུ་རིན་པོ་ཆེ་ལས་ལོ་བཞི་དང་། དོལ་བུ་བ་ལས་གསུམ་གྱིས་གཞོན་ཞིང་། ལོ་ཆེན་བྱང་རྩེ་ལས་བརྒྱད་དང་། ཆོས་རྗེ་བླ་མ་ལས་བཅུ་བདུན་གྱིས་བགྲེས་སོ། སུམ་སྟོང་བཞི་བརྒྱ་དང་སོ་ལྔ་འདས་པའི་སོ་དྲུག་པ་ཆུ་མོ་ཡོས་
སྤྱི་ལོ་༡༣༠༣
ལ་ལོ་ཆེན་བྱང་རྩེ་ལ་སྟོད་ལྷོ་ཟུར་ཚོར་དཔང་གི་ལྕམ་མོ་ཞིག་གི་སྲས་སུ་བལྟམས། བདུན་པ་ལ་དཔང་ལོའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་ནོད། བཅུ་དྲུག་པ་ལ་ཤོང་ལོའི་དབོན་པོ་མཁན་ཆེན་ཆོས་སྐྱོང་དཔལ་ལས་དགེ་ཚུལ་དུ་བསྒྲུབས། དཔང་ལོས་མངའ་རིས་གནས་པོ་ཆེ་དང་། ས་སྐྱ་སོགས་སུ་བཞུགས་པའི་སྤྱན་སྔར་འཁྲིད་དེ་བསླབ་སྦྱངས་མཛད། དཔང་ལོས་བརྟག་པ་མཛད་པའི་ཕྱིར། བུར་རྡོག་མང་པོ་བགྲོངས་བྱས་པ་བཅལ་ནས་རེ་རེ་ནས་བླངས་ཤིང་རྩིས་པས་མ་ཚང་བ་མེད་པར་རྩིས་འགྲིག། འཕྲུལ་ཕུགས་ཀྱི་མཛད་པ་ལ་དགེས་པ་ཐོབ་སྟེ་དཀར་པོ་ནམ་ལངས་ཤེས་མཚན་དུ་གསོལ། ཉེར་གཉིས་པ་ཤིང་མོ་གླང་ལོར་དཔལ་ལྡན་ས་སྐྱའི་མཁན་པོ་འཇམ་དབྱངས་དོན་ཡོད་རྒྱལ་