R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༤༣
[A:༡༤༣]པ་གྲུབ་ཐོབ་དགོན་གཡེ་དང་བཞིའོ། དེ་ལྟ་བུའི་གཙང་པ་རྒྱ་རས་དེ་ནི་ང་གཅིག་པ་དབོ་ཟླའི་ཉེར་ལྔ་ལ་གཤེགས་སོ། འདི་ཉིད་བལྟམས་པའི་ལྕགས་སྦྲུལ་ནས་བཞི་བརྒྱ་དང་ཉག་བཞི་རུ་སླེབས་པ་ནི་ཤིང་ཕོ་བྱི་ལོ་འདི་ཡིན་ནོ། གསུམ་པ། སུམ་སྟོང་སུམ་བརྒྱ་པའི་སྐབས་སུ་བྱོན་པ་ནི། ཀོ་བྲག་པ། ཁྲོ་ལོ། ས་ལོ། རྒོད་ཚང་པ་རྣམས་ཏེ། དེ་ཡང་སུམ་སྟོང་སུམ་བརྒྱ་གཉིས་འདས་པའི་གསུམ་པ་ལྕགས་ཕོ་སྟག་
སྤྱི་ལོ་༡༡༧༠
ལ་ཀོ་བྲག་པ་བསོད་ནམས་རྒྱལ་མཚན་དིང་རིར་བྱོན། ལོ་བརྒྱད་ཅུ་བཞུགས། དྭགས་པོ་བཀའ་བརྒྱུད་དང་ལམ་འབྲས་ཞ་ལུགས་སོགས་ཉམས་ལེན་མཛད།
སློབ་མའི་གཙོ་བོ་ཡང་དགོན་པ། མཆིམས་ནམ་མཁའ་གྲགས་དང་གཉིས། གཞན་ཡང་དཔྱལཅལ་ལོ། ཁྲོ་ལོ། ཆག་ལོ། གཉལ་ལོ་སྟེ། ལོ་ཙཱ་བ་བཞིའོ། དེབ་སྔོན་ལས་ཀོ་བྲག་པ་ས་པན་དང་དགུང་མཉམ་ཡིན་ཟེར་རོ།
དུས་གསལ་གྱི་ལུགས་ལྟར་ན་ས་པན་ལས་ལོ་སྐོར་གཅིག་གིས་བགྲེས་སོ།
སུམ་སྟོང་སུམ་བརྒྱ་དང་བཞི་འདས་པའི་ལྔ་པ་ཆུ་མོ་སྦྲུལ་(ཆུ་ཕོ་འབྲུག་ལ་བབས། དཔེ་སྒྲིག་པས)
སྤྱི་ལོ་༡༡༧༢
ལ་ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ་བྱོན། འདི་ནི་ཕག་གྲུ་པའི་དངོས་སློབ་རྒྱལ་ཚ་རི་མགོན་dm: རིན་ཆེན་མགོན་པོ དང་། དེའི་དབོན་པོ་ཀུན་ལྡན་གཙང་པ་རས་ཆུང་གཉིས་ཡོད་པའི། ཀུན་ལྡན་རས་པའི་དབོན་པོ་ཡིན་ལ། ཀུན་ལྡན་རས་པའི་སློབ་མ་གཅིག་རི་མས་dm: མ་ཅིག་རེ་མ། ཉ་པ་ལུས་སྐྱེས་ཞེས་པ་ལ་བུ་གཅིག་སྐྱེས་པ་སྐྱེས་བུ་དམ་པ་གཅིག་%འབྱོར་ལྡན%་ཤེས་ནས་གསོ་སྐྱོང་མཛད་པས་གཅེས་སྒོམ་རྫོང་པར་གྲགས། མཁའ་སྐྱོང་བྲག་པ་ཞེས་ཀྱང་བྱ།