R81: རྗེ་བཙུན་བླ་མ་དམ་པ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་ཕྲེང་བ།

  • Pagination (Witness A):
[A:༦]འབྲངས། ལུང་རིགས་ལ་ཐུགས་སྦྱོང་མཛད། ཉེར་བདུན་བཞེས་པའི་ཚེ་མུས་སུ་བྱོན་ཏེ་གྲུབ་ཆེན་ནམ་མཁའ་པ་ལ་ནཱ་རོ་དང༌། ནཻ་གུའི་ཆོས་སྐོར་ཡོངས་སུ་རྫོགས་པར་གསན། ཐུགས་ཉམས་བཞེས་པས་སོ་སོའི་རྟགས་རྣམས་ཐུགས་རྒྱུད་ལ་ཡོངས་སུ་རྫོགས་པར་འཁྲུངས། གཞན་ཡང་དེ་ཉིད་ལས་ཕྱག་ཆེན་དོན་ཁྲིད་ལ་སོགས་པ་ཕྱག་རྒྱ་ཆེན་པོའི་སྐོར་དང༌། ཡང་དགོན་པ་ནས་བརྒྱུད་པའི་རི་ཆོས་ཡོན་ཏན་ཀུན་འབྱུང་སོགས་དང༌། བློ་སྦྱོང་རྩེ་མོ་གཉིས་པ་ལ་སོགས་པའི་བློ་སྦྱོང་གི་སྐོར་འགའ་ཞིག་དང༌། ཞི་བྱེད་ཀྃ་ལུགས་སོགས་ཞི་བྱེད་སྐོར་ཚང་མ་གསན། གཞན་ཡང་བདེ་མཆོག་འཇིགས་བྱེད་ལ་སོགས་པའི་དབང་ཡང་མང་དུ་གསན་པར་མཛད་དོ། །ཉེར་བརྒྱད་བཞེས་པའི་དུས་སླར་ཡང་ཆོས་རྗེ་རྒྱལ་མཆོག་པའི་ཕྱག་ཕྱིར་བྱོན་ཏེ་སོ་གཅིག་པའི་བར་དུ་འབྲལ་བ་མེད་པར་བསྟེན། ཕར་ཚད། དབུ་མ། མངོན་པ་ཀུན་ལས་བཏུས། འདུལ་བ་མདོ་རྩ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པའི་གཞུང་ལུགས་ཐམས་ཅད་ཐུགས་སུ་ཆུད་པར་མཛད། ཁྱད་པར་དགུང་ལོ་སུམ་ཅུ་པ་ལ་དངུལ་ཆུ་ཆོས་རྫོང་དུ་གསེར་གླིང་པ་ལས་བརྒྱུད་པའི་ཐེག་ཆེན་བློ་སྦྱོང་ཉམས་ཁྲིད་དུ་ཞུས་ནས་བསྒོམས་པས་བྱང་ཆུབ་ཀྱི་སེམས་གཉིས་ཀྱི་རྟོགས་པ་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས། སོ་གཉིས་པ་ལ་ཀུན་མཁྱེན་རོང་པོ་ངམ་རིང་དུ་ཕེབ་པ་དང་མཇལ་ཏེ་ཕར་ཚད། མི་གཡོ་བའི་རྗེས་གནང་སོགས་མང་དུ་གསན། སོ་བཞི་བཞེས་པའི་ཚེ་བཀའ་ལྔ་པ་དཔལ་འབྱོར་ཤེས་རབ་ལ་རྟེན་འབྲེལ་སྙིང་པོའི་ཁྲིད་དང༌། དབུ་མ་འཇུག་པའི་བཤད་པ་སོགས་གསན། དེའི་ལོ་སློབ་དཔོན་སངས་བློ་བ་གླེ་ལུང་མཁན་པོར་བསྐོས། ཁོང་ན་རེ། ཁྱེད་ངེད་ཀྱི་ངམ་རིང་གི་གྲྭ་ཚང་དུ་སློབ་