[A:༡༨]ནོ། །དེའང་རྫི་ལུང་དུ་ཐུགས་དམ་མཛད་པའི་ཚེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཕྱག་བཞི་པ་ཉིན་ཞག་དུ་མའི་བར་དུ་མངོན་སུམ་དུ་གཟིགས་པ་དང༌། བསམ་གཏན་ཕུག་ཏུ་ལམ་འབྲས་ཀྱི་ཐུགས་དམ་གཙོ་བོར་མཛད་པའི་ཚེ། སྔ་དྲོ་ཞིག་འཇའ་འོད་རྣམ་ལྔ་འཁྱིལ་བའི་དབུས་སུ་རྣལ་འབྱོར་དབང་ཕྱུག་རྗེ་བཙུན་ས་སྐྱ་པ་ཆེན་པོ་བཞུགས་པ་དངོས་སུ་གཟིགས་ཏེ། ཁྱེད་ཀྱི་སྔོན་དབང་བསྐུར་ཐོབ་པའི་དཀྱིལ་འཁོར་འདི་ཡིན་གསུངས་ནས་གསང་འདུས་འཇམ་རྡོར་གྱི་དཀྱིལ་འཁོར་ཡིན་སྙམ་པ་ཞིག་བསྟན། བྱིན་གྱིས་བརླབས་ཏེ་དེའི་དུས་སུ་ཏིང་ངེ་འཛིན་གྱི་སྒོ་བསམ་གྱི་མི་ཁྱབ་པ་ཐུགས་རྒྱུད་ལ་འཁྲུངས་པར། སྐབས་གཅིག་ཏུ་དུ་ཏའི་སུ་ཏུ་རྣམ་རྒྱལ་གྲགས་པ་དང༌། མངའ་རིས་པ་ནམ་མཁའ་ཡོན་ཏན་སོགས་ཀྱིས་ཆ་རྐྱེན་མང་དུ་བསྒྲུབས་ནས་ཞུ་བ་ནན་གྱིས་ཕུལ་བ་དང༌། མ་འོངས་པའི་སྒྲུབ་པ་པོ་རྣམས་ལ་ཕན་གདགས་པར་བཞེད་ནས་བླ་མ་གོང་མ་རྣམས་ཀྱི་བདུད་རྩི་རིལ་བུའི་བཏའ་མ་བཟང་པོ་དང་བཅས་ནས་བསམ་གཏན་ཕུག་ཏུ་བདུད་རྩི་རིལ་བུའི་སྒྲུབ་པ་མཛད་པས་མཐར་ཕྱིན་ཏེ་ས་ཕྱོགས་ཐམས་ཅད་དྲི་བསུང་ཁྱད་པར་ཅན་གྱིས་ཁྱབ་པ་དང༌། མེ་ཏོག་གི་ཆར་ཆེན་པོ་བབ་ཅིང༌། ས་གཞི་ཐམས་ཅད་གསེར་ཆོས་ཀྱིས་གང་བ་ལ་རབ་གནས་བྱས་པ་རྨི་བས་ལྟས་བཟང་པོའི་ཞེས་གསུངས་པ་དང༌། ཁྱད་པར་དེ་ཉིད་ཀྱི་ཚེ། རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་བིརྺ་པ་སྐུ་འོད་ཟེར་གཟི་བརྗིད་འབར་བའི་བདག་ཉིད་གཟིགས་ཏེ་རྒྱུད་བྱིན་གྱིས་བརླབས་པར་མཛད་ཅིང༌། བླ་མ་ནམ་མཁའ་དཔལ་བཟང་ལ་སྐུ་མདུན་དུ་མཇལ་བའི་ཚེ་ན་ནིང་ནས་རྗེ་ས་ཆེན་དང་མཇལ་བ་ལ་དཔེ་མེད་དུ་བྱེད་ན། ད་ནི་རྣལ་འབྱོར་དབང་