R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢བ
[A:༢བ]པའི། །ས་སྐྱའི་འཕྲིན་ལས་རྟ་བདུན་རྒྱལ་པོའི་འོད་ཟེར་ལྟར། །ས་སྐྱ་པ་ཞེས་སྙན་གྲགས་ཀུན་ཏུ་རབ་གསལ་བ། །ས་སྐྱ་པ་ཡི་རྗེ་བཙུན་རྣམས་ལ་སྙིང་ནས་དད། །དེ་ལྟའི་སྐྱེས་ཆེན་རྣམས་ཀྱི་ཞབས་པདྨོ། །དེ་དག་སྟོབས་ལྡན་རྒྱལ་པོས་ཉེར་བསྟེན་ནས། །དེ་ཚེ་མཁའ་ལ་ཉི་ཟླ་རྣམ་གཉིས་ལྟར། །དེ་བཞིན་ས་ལ་མཆོད་ཡོན་གཉིས་ཞེས་གྲགས། །འོན་ཀྱང་བར་སྐབས་ཡིད་སྲུབ་རྩ་ལག་འགས། །མི་བསྲུན་ངན་པའི་སྤྱོད་པ་སྣ་ཚོགས་ཀྱིས། །ས་སྐྱའི་བསྟན་དང་བསྟན་འཛིན་དགོན་གནས་བཅས། །དུས་ངན་མཚན་གྱི་ལྷག་མར་ཉེ་བར་བྱས། །ཨེ་མ་དེ་ཚེ་སྔགས་འཆང་སྤྲུལ་པའི་སྐུ། །ཨེ་མ་མཐུ་སྟོབས་རྫུ་འཕྲུལ་བསམ་ཡས་དེས། །ཨེ་མ་བདུད་རིགས་བཅོམ་ནས་དཔལ་ས་སྐྱའི། །ཨེ་མ་བསྟན་པའི་མེ་རོ་རྨང་ནས་བསླངས། །དེ་ལྟའི་བཀའ་དྲིན་གཞལ་དུ་མ་མཆིས་པའི། །སྔགས་འཆང་བླ་མ་ཀུན་དགའ་རིན་ཆེན་