R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༣༦ན
[A:༢༣༦ན]བཙུན་བིརྺ་པའི་སྐུའི་བཀོད་པ་དྲུག་དང་། ས་ཆེན་གྱི་སྐུའི་རྣམ་འགྱུར་དྲུག་གཟིགས་ནས་བིརྺ་པ་དང་ས་སྐྱ་པ་ཆེན་པོ་གཉིས་ངོ་བོ་གཅིག་པར་ཡང་དགོངས་ཤིང་། ཐུགས་ལ་ཉམས་རྟོགས་ཀྱི་ཏིང་ངེ་འཛིན་ཁྱད་པར་བ་དུ་མ་འཁྲུངས་ཞེས་གྲགས་པ་དང་། གཞན་ཡང་སྐབས་ཤིག་བྱས་འགྱུར་རྡོ་རྗེའི་བྲག་རྫོང་དུ་ཚོགས་བདག་གི་སྒྲུབ་པ་མཛད་སྐབས། གནོད་སྦྱིན་བསེའི་གདོང་ཅན་གྱི་འཚུབ་ཀྱི་རྣམ་པས་གཟིམས་ཁང་གི་གཡམ་གདུང་གས་གྲུམ་ཆེར་བྱུང་བ་ན། གཟིམ་ཁང་ལ་ཞིག་བཟོས་མཛད་ཅིང་བར་ཆད་ལས་གྲོལ་ཏེ། སླར་སྐུ་མཚམས་དེ་ཀའི་མུ་མཐུད་ནས་རྒྱུན་རིང་གནང་བ་ན། རྗེ་བཙུན་རིན་པོ་ཆེ་དང་རྡོ་རྗེ་ལྷ་མོ་སོགས་བླ་མ་ཡི་དམ་དུ་མའི་ཞལ་གཟིགས་ཤིང་། དེ་སྐབས་དགོངས་ཕྱོགས་སྐུ་འཆག་པ་ལ་ཞལ་འདོན་དང་བསྟུན་རྗེ་བཙུན་རིན་པོ་ཆེའི་ཟན་འབུམ་ལ་ཞབས་བསྐོར་རྒྱུན་དུ་གནང་གི་ཡོད་པ་ལ། མགོ་ཟླ་བའི་ཚེས་བཅུ་བཞི་རྗེ་ས་པཎ་གྱི་དུས་ཆེན་གྱི་ཉིན། ཕྱག་གཡོག་པ་རབ་འབྱམས་པ་ཀུན་ཚེ་བྱ་བ་དང་དཔོན་སློབ་གཉིས་ཀྱིས་ཞབས་བསྐོར་ལ་ཕེབས་པས། རྗེ་འདིས་ནམ་མཁའ་ལ་གཟིགས་ཏེ་ཞབས་འབྲིང་པ་དེ་ལ་ཁྱོད་ཀྱིས་ཨེ་མཐོང་གསུང་བ་དང་། དེས་ཀྱང་ནམ་མཁའ་ལ་བལྟས་པས་ནམ་མཁའ་ཤིན་ཏུ་དྭངས་པ་ལ་འཇའ་འོད་ཟླུམ་པོ་ཤིན་ཏུ་ལེགས་པ་གཅིག་འདུག་ནས། འདི་བཞིན་འདུག་གཞན་ནི་མ་མཐོང་ཞུས་པས། རྗེའི་ཞལ་ནས་ཡ་གི་ན་རྗེ་ས་སྐྱ་པཎ་ཆེན་ཕེབས་འདུག འཇའ་འོད་དེ་ཙམ་མཐོང་བ་ཡང་སྒྲིབ་པ་ཆུང་བ་ཡིན་གསུངས་ཏེ། དཔོན་སློབ་གཉིས་ཀས་དད་པ་ཆེན་པོ་མཛད་པས། ཐུགས་ཉམས་འཕར་བ་ལ་སོགས་པའི་རྣམ་