R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༧༥བ
[A:༡༧༥བ]མཚན། བླ་མ་མཉམ་མེད་ཆེན་པོ་སོགས་གུས་པས་བསྟེན་ནས་ཡབ་ཆོས་རྣམས་ལ་སྦྱངས་པ་མཐར་ཕྱིན་པ་མཛད་དེ། ཆོས་རྗེའི་དྲུང་དུ་བསྙེན་རྫོགས་ཀྱང་བསྒྲུབས་ནས་བསྟན་པའི་བྱ་བ་ཐོས་བསམ་སྒོམ་གསུམ་དང་། མཁས་པའི་བྱ་བ་འཆད་ཉན་ལ་སོགས་པ་ལ་ཤིན་ཏུ་བརྩོན་པར་མཛད། དེ་ནས་ཆོས་རྗེ་བླ་མ་གོང་ནས་གདན་འདྲེན་བྱུང་བའི་དུས་སུ་ཆོས་རྗེ་སྐུ་ན་བགྲེས་པས་མ་ཕེབས་པ་ལ། སླར་ཆོས་རྗེའི་སྒོས་ཀྱི་དབོན་པོ་ཞིག་འབྱོན་དགོས་ཟེར་བྱུང་བ་དང་། བདག་ཉིད་ཆེན་པོ་འདིས་ཕེབས་ཏེ་མདོ་ཁམས་ཀྱི་བར་དུ་གདན་བཏེག་ཀྱང་། རྒྱལ་ཁམས་ཀྱི་བདེ་དོག་གི་དབང་གིས་གོང་དུ་ཕེབས་མ་ཐུབ་པར་ཡར་བྱོན་ནས། གདན་ས་ཆེན་པོ་དང་བསམ་ཡས་སུ་བཞུགས་ནས། གཙོ་ཆེར་ཆོས་རྗེ་བླ་མ་དམ་པའི་ཆག་ཕྱི་དང་། བཀའ་འབུམ་འཐོར་བ་བསྒྲིགས་པ་དང་། ཆོས་རྗེ་བདེ་བར་གཤེགས་ནས་གདུང་གི་ཞབས་ཏོག གསོལ་འདེབས། ཕྱི་རྟེན་ནང་རྟེན་བཞེངས་པ་ལ་སོགས་པའི་ཞལ་ཏ་མཛད་པའི་རིང་ནས། བར་སྐབས་སུ་གོན་ཇོ་དབོན་པོས་གདན་དྲངས་ནས་མདོ་ཁམས་སུ་བྱོན། ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཏེ་ཐམས་ཅད་དད་པར་མཛད་ནས། སླར་གདན་ས་ཆེན་པོ་འདི་ཉིད་དུ་ཕེབས་ཏེ་ཤིང་ཁང་བླ་བྲང་དུ་ས་བཟང་པ་འཕགས་པར་གྲགས་པས་ཞུ་བ་པོ་མཛད་ནས། ཆོས་རྗེ་ཀུན་བཀྲས་པ་དང་། ཤར་བ་སོགས་དགེ་བའི་བཤེས་གཉེན་མང་པོ་ལ་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་བཀའ་འབུམ་གྱི་ཐོག་ནས་དབང་ལུང་མན་ངག་རྒྱུད་བཤད་ཁྲིད་བཀའ་ལ་སོགས་པ་གསང་སྔགས་ཟབ་མོའི་ཆོས་ཚུལ་བསམ་གྱིས་མི་ཁྱབ་པ་ཞིག་སྩལ་ཞིང་། གཞན་ཡང་མཛད་པ་རྒྱ་