R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༠༢ན
[A:༡༠༢ན]པ། ས་སྐྱ་པའི་རྩིས་ཀྱི་ལུགས་ཀྱི་ལོ་མ་འཕོས་པར་འདོད་པའི་མེ་མོ་ཡོས་བུའི་ལོའི་སྨིན་དྲུག་ཟླ་བའི་ཚེས་ལྔའི་ཉིན་པར་འདམ་དུ་བྱོན། ཉེར་དྲུག་གི་ཉིན་པར་འདམ་ནས་གཤེགས། དེ་ཙ་ན་བདག་ནམ་མཁའ་འབུམ་ཡོས་ལོ་པ་ཡིན། དྲུག་ཅུ་རེ་གཅིག་གི་ཆ། དེ་ཕན་ཆོད་ཀྱི་གྲངས་ལ་རང་གི་གོ་རིག་དང་། བཀའ་གདམས་པའི་སྣ་རྒྱུས་ལ་བརྟེན་ནས་ཇོ་བོ་འདས་ནས་ལོ་ཉིས་བརྒྱ་ཉི་ཤུ་རྩ་དགུ་སོང་། སྟོན་པ་འདས་ནས་ལོ་ཉིས་བརྒྱ་བཅུ་དགུ། པོ་ཏོ་བ་འདས་ནས་དགུ་བཅུ་རྩ་ལྔ། ཤ་ར་བ་བརྒྱ་དང་ཉི་ཤུ་རྩ་དགུ། སྟབས་ཁ་བས་དགུ་བཅུ་རྩ་དྲུག ཞང་སྟོན་གྱིས་བརྒྱད་ཅུ་རྩ་གསུམ། སློབ་དཔོན་དགོན་ཆེན་པོ་འདས་ནས་སུམ་ཅུ་སོ་དགུ་སོང་ངོ་། །དེ་རྣམས་ཇོ་བོ་ཡབ་སྲས་ཀྱི་བཀའ་སྲོལ་ཆིག་བརྒྱུད་བྱ་བ་ཡིན། ཇོ་བོ་བོད་དུ་བྱོན་ནས་ཉིས་བརྒྱ་བཞི་བཅུ་རྩ་བདུན་སོང་། རྭ་སྒྲེང་རྨང་བཏིང་ནས་ལོ་ཉིས་བརྒྱ་ཉི་ཤུ་རྩ་བརྒྱད་སོང་ངོ་། །དེ་ལས་གཞན་པའི་བཀའ་གདམས་པ་གོང་མ་རྣམས་དང་། བསྟན་པའི་བབས་ལ་སོགས་པ་དུས་རྩིས་ཕལ་ཆེ་བ་ལ། བདག་གི་བློ་ཅུང་ཟད་སྤྲོ་བར་ནུས་ཏེ། མང་བས་བརྗོད་ཀྱིས་མི་ལང་བ་ལ་དགོས་པའི་གནད་ཆུང་བའི་ཕྱིར་འདིར་རེ་ཞིག་གཞག་པར་བྱའོ། །དེ་དག་ནི་ཞར་ལ་འོང་བ་བརྗོད་པ་ཡིན་ནོ། །སླད་མ་སྐབས་དོན་དངོས་ལ། བླ་མ་ཆོས་ཀྱི་རྒྱལ་པོ་འདམ་དུ་ཞག་བཅུ་གཅིག་བཞུགས་པ་ལ་བདག་དང་ཞག་བདུན་དུ་མཇལ་བའི་དང་པོ་ཆག་ཕེབས་པའི་དགོངས་ཀ་ནས། བདག་བླ་མ་ལ་མཇལ་དུ་འོངས་ནས་ཡོད། ཉིན་མོ་མི་ལ་འཚེར། མཚམས་ཡུན་རིང་བས་ཚོ་མི་ཐུབ་པར་གདའ་བས། ཕྱི་ནང་གི་འགྲུལ་ཆོད་པའི་ནུབ་མོ་བརྡ་སྦྱར་