R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༥༠༦
[A:༥༠༦]དབང་གཞན་ཡང་མང་པོ་གསན་ཀྱང་མ་ཕན་པ་ལ། གསང་འདུས་འཇམ་རྡོར་ས་ལུགས་ཀྱི་དབང་གསན་པས། ཁམས་འདུས་པ་ལས་གྲོལ་ཏེ། ཏིང་ངེ་འཛིན་ཁྱད་པར་ཅན་འཁྲུངས་སོ། །དེ་ནས་སྟག་གི་ལོ་དགུང་ལོ་ཉི་ཤུ་རྩ་བརྒྱད་པ་ལ། བཀའ་བཞི་པ་བསོད་ནམས་དོན་གྲུབ་དང་འཕགས་པ་བཀའ་གྲོས་མཛད་ནས། ཆོས་རྗེ་འཕགས་པའི་གསུང་གིས་ང་ཡུན་རིང་པོ་ཨེ་སྡོད་མི་ཤེས་པས། ཁྱེད་རང་ཡང་ཆོས་ཀྱི་འཕྲོ་རྣམས་ཞུ་བ་ལ་བརྩོན་འགྲུས་བསྐྱེད་པ་དང༌། ས་བཟང་དགོན་པ་བཟུང་ལ་བཀའ་ལུང་རྣམས་ཀྱིས་གཞན་ལ་ཕན་པ་རྒྱུན་མི་ཆད་པར་གྱིས་ཤིག་ཅེས་སོགས་ཞལ་ད་མང་པོ་གསུངས་ཤིང༌། ཀྲྀ་ཡ་ས་མུཙྪའི་གླེགས་བམ་དང༌། དམ་ཚིག་གི་རྡོ་རྗེ་དྲིལ་བུ་ཞིག །ཆོས་དུང་རྣམས་གནང་ནས་རྒྱལ་ཚབ་ཏུ་མངའ་གསོལ་ཏེ། བསྟན་པའི་ཁུར་ཕོག་པས་ཐུགས་ཀྱི་དགོངས་པ་མཐར་ཕྱིན་པར་གྲུབ་པར་གྱུར་པ་ཡིན་ཏེ། དེ་ཡང་སྐུ་གསུང་ཐུགས་ཀྱི་ཁུར་ཆེན་པོ་བཞེས་ཏེ་གཙུག་ལག་ཁང་རྣམས་ཀྱི་ཉ་ར། མར་མེ། མཆོད་པ། དགེ་རྒྱུན་གོང་མ་རྣམས་ཀྱི་ཐུགས་དགོངས་རྫོགས་པའི་སྒྲུབ་མཆོད་སོགས་རྣམ་དཀར་གྱི་བྱ་བ་བསམ་གྱིས་མི་ཁྱབ་པ་མཛད་དོ། །གཞན་ཡང་ཞ་ལུ་པའི་ཆོས་བརྒྱུད་འཛིན་པའི་བླ་མ་བཀྲ་ཤིས་རིན་ཆེན་པའི་དྲུང་དུ། གསང་འདུས་སྤྱན་རས་གཟིགས་ལྷ་བཅུ་དགུ་མའི་དབང༌། སྒྲུབ་ཐབས་རྒྱས་པ་དང་བསྡུས་པ་ཇོ་བོ་རྗེས་མཛད་པ། ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་དབང༌། བདེ་མཆོག་སྦྱངས་པའི་ཡོན་ཏན་གྱི་དབང༌། ལྭ་བ་པས་མཛད་པའི་དཀྱིལ་ཆོག །མཻ་ཏྲི་པའི་བདེ་མཆོག་བཅུ་གསུམ་མའི་དབང༌། སྒྲུབ་ཐབས་མཻ་ཏྲི་པས་མཛད་པ། རྟག་པའི་རྡོ་རྗེའི་ཆོས་གསུམ་ལ་སོགས་པ་གསན། བདེ་མཆོག་སྡོམ་འབྱུང་གི་འགྲེལ་པ་རཏྣ་རཀྵི་ཏས་མཛད་པ། རྡོ་རྗེ་གདན་བཞིའི་འགྲེལ་པ་བྷ་ཝ་པས་མཛད་པ། རྣལ་འབྱོར་ནམ་མཁའི་སྒྲུབ་ཐབས། ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས། དཀྱིལ་ཆོག་སྙིང་པོ་མདོར་བསགས་ཤིང་གཅིག་གི་དཀའ་འགྲེལ་རྣམས་ཨཱརྱ་དེ་ཝས་མཛད་པ། སངས་རྒྱས་ཐོད་པའི་དཀའ་འགྲེལ་ཡེ་ཤེས་