R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༤༩༤
[A:༤༩༤]གདམས་ངག །གུར་གྱི་མགོན་པོའི་བཀའ་སྟོད་ཟངས་གྲི་ཅན་གྱི་སྒྲུབ་ཐབས། པུ་ཏྲ་མིང་སྲིང་གསུམ་གྱི་སྒྲུབ་ཐབས་དམ་པས་མཛད་པ། མནན་པའི་ཐུན་སྒྲུབ། མནན་པ་དངོས། ཟོར་གྱིས་བསད་པ། འཇམ་ཞིང་ཞི་བའི་ལས་ཀྱི་སྒྲུབ་ཐབས། ཕོ་རྐྱང་དང་མོ་རྐྱང་པུནྱེས་མཛད་པ། མཁའ་འགྲོ་སྦགས་སྒྲུབ། རྟེན་བཅའ་ཐབས། མནན་པའི་ཡི་གེ །བསད་ལས་ཚ་བའི་ནད་ཀྱིས་བསད་པ། སྔགས་རིངས་ཀྱིས་བསད་པའི་ལས་སྦྱོར། ཟངས་གྲི་ཅན་གྱི་བསྙེན་སྒྲུབ། ལས་སྦྱོར་གྱི་རྒྱ་གཞུང་གཅིག །བསྙེན་སྒྲུབ་བསད་གསུམ་གྱི་མན་ངག །ལས་མགོན་ཟངས་གྲི་ཅན་གྱི་སྒྲུབ་ཐབས་གཅིག །ལྷ་མོ་རྐྱང་སྒྲུབ། ལས་སྦྱོར་དམ་པས་མཛད་པ། ནག་པོ་ཆེན་པོ་ཕུར་བུའི་སྒྲུབ་ཐབས་ཀྱི་རྒྱ་གཞུང༌། བྲམ་ཟེ་མཆོག་སྲེད་ཀྱི་ཕུར་བུ་སྒྲུབ་ཐབས་ཀྱི་རིམ་པ། ཕོ་རྐྱང་བཀའ་སྟོང་དུ་སྒྲུབ་པ། བསྙེན་སྒྲུབ་ལས་སྦྱོར་མནན་པ་དང་བཅས་པ། གསེར་གྱི་སྤུ་གྲིའི་གདམས་པ་དམ་པས་མཛད་པ། ངག་མནན་ངག་སྲུང་རྣམས་གསན། གདོང་བཞི་པའི་རྗེས་གནང༌། དེའི་ཆོས་སྐོར་ལ། ཞལ་བཞི་པའི་ལོ་རྒྱུས། བསྙེན་སྒྲུབ་ལས་གསུམ་གཅིག་ཏུ་བསྡེབས་པའི་སྒྲུབ་ཐབས། གཞུང་མཆན་བཤད་པ་དང༌། སྔགས་ཀྱི་ཐེམ་ཡིག །སྔགས་ཀྱི་གནད། གཡབ་པ་དར་ཐོགས་ཀྱིས་ཁམས་གསུམ་དབང་དུ་བསྡུ་པ། ནོར་སྒྲུབ་འཁོར་ལོའི་ཞལ་གདམས། རྭ་ཟོར། སྒོང་ཟོར། རང་དང་སློབ་མ་དང་རྫས་ཡོ་བྱད་རྣམས་གཏད་པ། གཙུག་ལག་ཁང་གཏད་པ། གནས་མལ་དང་ནོར་རྫས་བསྲུང་བ། ཞལ་གདམས་དོན་དྲུག་མ། རྟེན་བཅའ་བའི་མན་ངག །ཐུགས་དམ་བསྐང་བའི་ཆོ་ག །མདོས་ཀྱི་ཆོ་ག །ལས་འགྲིག །སྦྱིན་སྲེག །བསྐྲད་པ། མནན་པ། རང་བསྲུང་བ་དང༌། རྟེན་གྱི་འཁོར་ལོའི་མན་ངག་ལ་སོགས་པ་ཚང་མ། གཉན་ལོ་ཙཱ་བ་དར་མ་གྲགས་ཀྱིས་མཛད་པའི་བསྟོད་པ་རྣམས་གསན། ཡང་སྦྱོང་རྒྱུད་ཀྱི་མཆན་བུ། ས་བཅད་ཀྱི་སྤྱི་དོན་རྗེ་བཙུན་གྱིས་མཛད་པའི་སྟེང་ན་བཤད་བཀའ་གསན། འཇམ་དབྱངས་