R330: གོང་དཀར་ཆོས་སྡེ་དགོན་པའི་ལོ་རྒྱུས་རགས་བསྡུས་རིན་ཆེན་དོ་ཤལ།

  • Pagination (Witness A): 13a
[A:13a]དྲུག་ཅུ་རེ་བརྒྱད་ཕེབས་དགོས་པ་དང། བསྟན་སྲིད་ཞབས་རིམ་ལ་གདུགས་དཀར་མདོས་ཆེན་དང། སྒྲོལ་མ་གཡུ་མདོས། དམར་ཆེན་གཏོར་ཟློག་བཅས་སོ་སོ་ཉིན་བདུན་རེ་དང། ཚོགས་ཁང་ལྷ་ལྡན་ཁྲོམ་གཟིགས་ཁང་སྒོ་ར་ནུབ་མའི་ནང་འདུ་ཁང་ཀ་བ་བཅུ་གཉིས། རུང་ཁང་ཀ་བ་གཅིག །གཉེར་ཚང་ཀ་བ་གཅིག །མཁན་པོ་ཚང་ཀ་བ་གཅིག །ཆོས་རྫས་དོ་དམ་བཞུགས་ཡུལ་ཀ་བ་གཉིས་བཅས་ཡོད། ཞབས་རིམ་སྒྲུབ་ཕྲུལ་སྦུག་མཇལ་ཞུས་ཏེ་ཀོ་བ་ཕྱིར་ལོག་ཕེབས་དགོས། ཟླ་བ་གསུམ་པའི་བཅུ་དགུ་ནས་དགོན་པར་ཀུན་དགའ་རྣམ་རྒྱལ་གྱི་སྐུ་མཆོད་ཆེན་མོ་ཉིན་བཅུའི་རིང་དཀྱིལ་འཁོར་དང་ཞལ་འདོན་མཆོད་པའི་སྐོར་སོགས་ཆོ་འཕྲུལ་དུས་ཆེན་དང་གཅིག་མཚུངས་ཡིན། ཚེས་ཉི་ཤུ་རྩ་ལྔ་ཉིན་ཀུན་དགའ་རྣམ་རྒྱལ་གྱི་དགོངས་རྫོགས་ཀྱི་མཆོད་པ་བླ་ལྷའི་སྐུ་མཆོད་ཟེར་བ་དབུ་རྩེ་བླ་མ་ལྷ་ཁང་གི་གསེར་གདུང་རིན་པོ་ཆེའི་སྐུ་མདུན་ལམ་འབྲས་བླ་མཆོད་རྒྱས་པ་དང། རྒྱལ་བའི་ཞབས་བརྟན་སོགས་ཞལ་འདོན་