R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • Pagination (Witness A): ༤༡
[A:༤༡]གིས་གང་འོང༌། དེས་འཕྲང་དེ་ལ་འགྲིམ་ཚད་ལ་ཟན་རྡོག་རེ་དང་ཆང་ཕོར་རེ་རྒྱུན་དུ་སྟེར་རོ། །འདིའི་འགྲོན་ཟན་ཟོས་པ་གཅིག་གཉིས་དང་རྗེ་པ་གསུང་གླེང་བྱུང༌། ཆོས་རྗེ་པས་དབུས་སུ་ཁོང་གི་ལོ་རྒྱུས་དྲིས་པས་གཞན་ལ་རྒྱུས་མ་བྱུང༌། རྒན་མོ་གཅིག་ན་རེ། ངའི་ཨ་མས་ཞོ་ཆང་གནོན་ཙ་ན་འཕྱད་མོ་ནམ་མཁའི་ཞོ་ཆང་ཙམ་ཤོག །ཟེར་བ་ཞིག་ཡོད་སྐད། མདོར་ན་བོད་ཀྱི་འདྲ་བ་སུ་ངོ་ཚ་ཆུང་བ་དང༌། སྤྱོད་པ་རྩིང་པ་ལ་གྲུབ་ཐོབ་ཏུ་བྱེད་པ་མ་ཡིན་པའི། རྒྱ་གར་གྱི་འདྲ་བའི་མདོ་རྒྱུད་ནས་བཤད་པའི་མཐོང་ལམ་ཡན་ཆད་ཀྱི་རྟོགས་པ་སྐྱེས་པ་ཁོ་ན་བྱུང་གསུང༌། ཕྱི་མ་འདིས་ལུས་མ་སྤངས་ཏེ། འོན་ཀྱང་བརྩོན་འགྲུས་ཅན་འབད་རྩོལ་གྱིས་ཁམས་འདུས་པ་ཡིན་ནོ། །ཁོང་ལ་དམ་པ་གླེ་སྟོན་བྱ་བས་ཆོས་ཞུས་པས་མི་ཤེས་ཟེར། ཡང་ཡང་ཞུས་པས། ལྟ་བ་འདི་ལ་ཡོངས་སུ་གྱིས། །ལྟ་བ་ཡོངས་སུ་མི་བགྱི་རུ། །ཆོས་ཀྱི་དབྱིངས་ལ་དོག་པ་མེད། །སྤྱོད་པ་འདི་ལ་དོག་ཏུ་གྱིས། །སྤྱོད་པ་དོག་ཏུ་མི་བགྱི་རུ། །རྒྱུ་འབྲས་ནམ་ཡང་བསླུ་བ་མེད། །གདམས་ངག་དེ་ལ་གྱིས་ཟེར་རོ། །གཞན་ཡང་མར་ལོའཛིམ་ལོཁྱིན་ལོ་ལ་སོགས་
འགོས་ཁུག་པ་ལྷས་བཙསའབྲོ་སེང་དཀར་ཤཱཀྱ་འོད
པ་མཁས་པ་དང༌། གྲུབ་པ་ཐོབ་པ་མང་དུ་བཞུགས་པར་གདའའོ།། ༈ ལྔ་པ་དེ་དག་ལས་གསུང་ངག་འཕེལ་ཚུལ་ནི་གཉིས་ཏེ། བླ་མ་སེ་ལས་དང༌། རྗེ་དགོན་པ་བ་ལས་ཇི་ལྟར་འཕེལ་བའི་ཚུལ་ལོ། །དང་པོ་ནི། བླ་མ་སེ་སྟོན་ཀུན་རིག །དེ་ལས་གདམས་ངག་ཐོབ་པའི་སློབ་མ་ཇི་ལྟར་བྱུང་སྙམ་ན། གདམས་ངག་རབ་འབྲིང་ཐ་མར་ཐོབ་པའི་སློབ་མ་གསུམ་ལས། དང་པོ་ནི། གཙང་སྨད་སག་ཐང་སྡིངས་ཀྱི་ཞང་སྟོན་མཆེད་གཉིས་ཏེ། ཆེ་