R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༧༥
[A:༧༥]པ། མཁན་ཆེན་འཆིམས། བྱང་ཆེན་པ། སློབ་དཔོན་གནམ་ལྕགས། མཁན་ཆེན་པ། བླ་མ་པ། ཡང༌། དཔལ་མོ་ལ། ཡེ་ཤེས་བཟང་པོ། ཟླ་འོད་གཞོན་ནུ། ཇོ་བོ་རྗེ། ཕོ་བྲང་བྱང་ཆུབ་འོད། པེ་ཉ་བ། བྱང་སེམས་ཟླ་རྒྱལ། ཞང་ཞུང་པ་ཆོས་གྲགས། གྲང་པོ་ལུང་པ། དོན་ཞགས་པ། འཛམ་གླིང་པ། མཁན་ཆེན་ཤེས་རྡོར་བ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། བཅུ་གཅིག་ཞལ་དཔལ་མོ་ལུགས་ཀྱི་རྗེས་གནང་ཞུས་ནས། ཆོས་རྗེ་ཚལ་མིན་པ་བསོད་ནམས་བཟང་པོས་མཛད་པའི་སྒྲུབ་ཐབས། རྗེས་གནང་དང་བཅས་པའི་བརྒྱུད་པ་ནི། ཐུགས་རྗེ་ཆེན་པོ། དགེ་སློང་མ་དཔལ་མོ། པཎྜི་ཏ་ཟླ་བ་གཞོན་ནུ། དཔལ་ཡེ་ཤེས་བཟང་པོ། བལ་པོ་པེ་ཉ་བ། བྱང་སེམས་ཟླ་བ་རྒྱལ་མཚན། གྲུབ་ཐོབ་ཉིང་ཕུག་པ། སྤྲུ་བ་རྡོ་རྗེ་རྒྱལ་པོ། ཞང་སྟོན་དགྲ་འཇིགས། མཁན་ཆེན་འཇད་པ། བླ་མ་མདོག་ལྷོད་པ། མཁན་ཆེན་ཆུ་བཟངས་པ། སྙག་ཆེན་པ། མཁན་ཆེན་བསོད་བཟངས་པ། མཁན་ཆེན་སེང་གེ་དཔལ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། འཕགས་པ་དོན་ཡོད་ཞགས་པ་ས་སྐྱ་པའི་ལུགས་ཀྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། ཐུགས་རྗེ་ཆེན་པོ། དགེ་བསྙེན་ལྕགས་ཀྱི་བྱིན་པ་ཅན། ཚུལ་ཁྲིམས་འབྱུང་གནས། བཻ་རོ་ཙཱ་ན་རཀྵི་ཏ། བ་རི་ལོ་ཙཱ་བ། ཡང༌། ཐུགས་རྗེ་ཆེན་པོ། ཨེ་ར་བ་ཏི། རིགས་ངན་གྱི་རྣལ་འབྱོར་པ། དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ། ཡང༌། ཐུགས་རྗེ་ཆེན་པོ། དྷརྨྨ་ཀ་པཱ་ལ། གྲུབ་ཐོབ་བསོད་སྙོམས་པ། རྡོ་རྗེ་གདན་པ་ཆེན་པོ། བ་རི་ལོ་ཙཱ་བ། དེ་ལྟར་བརྒྱུད་པ་གསུམ་འདུས་པ་ལས། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་པ། ཆོས་རྗེ་པ། རྩང་པོ་ཞོ་རྭ་བ། ལ་རུ་བ། གྲགས་ཆེན་པ། འཕགས་འོད་པ། ཆོས་རྗེ་བུ་