R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༤༩
[A:༤༩]མ་བསོད་ནམས་རྒྱལ་མཚན། མཁན་ཆེན་ཤེར་རྡོར་བ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། འཕགས་པ་ལ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ་བསོད་ནམས་དཔལ། ཆོས་རྗེ་བླ་མ་དམ་པ། མཁན་ཆེན་ཤེས་རྡོར་བ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། ཆོས་རྗེ་ས་པཎ་གྱིས་མཛད་པའི་ཡིག་ཆའི་སྟེང་ནས། བདེ་མཆོག་ལྷན་སྐྱེས་ཀྱི་བྱིན་བརླབས་ཞུས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། དགའ་རབ་རྡོ་རྗེ། རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ། ས་ཆེན་པ། སློབ་དཔོན་པ། རྗེ་བཙུན་པ། ས་པཎ། ཤར་པ་ཤེར་འབྱུང༌། རྡོ་རྗེ་འོད་ཟེར། གྲགས་པ་བསོད་ནམས། བླ་མ་གཞོན་ཚུལ་བ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། རྒྱུད་སྲོལ་གཅིག་ལ། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། བདེ་ཆེན་མགོན་པོ། ས་ར་ཧ། ཀླུ་སྒྲུབ། དྲིལ་བུ་པ། ཨ་ཝ་དྷཱུ་ཏི་པ། རོལ་པའི་རྡོ་རྗེ། རྡོ་རྗེ་གདན་པ། ཨ་བྷྱ་ཀ་ར། རྒྭ་ལོ། ཅོག་མི་དགེ་བ། འཁོན་རོང་སྟོན། ཧོར་ཚང་པ། ཁམས་སྟོན་ལྷོ་ཚད་པ། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ མཁན་ཆེན་ཤེས་རྡོར་བ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། འཁོར་ལོ་བདེ་མཆོག་གི་གོ་ཆའི་དཔའ་བོ་དྲུག་དང༌། དཔའ་མོ་དྲུག་གི་བྱིན་བརླབས་དང༌། སྒྲུབ་ཐབས་ཀྱི་གཞུང་མར་དོ་འགྱུར་གྱི་སྟེང་ནས། བཀའ་དང་ལུང་ཞུས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། ཤ་ཝ་རི་པ། མཻ་ཏྲི་པ། རྒྱ་གར་ཕྱག་ན་མར་པ་དོ་པ། གཟེ་བ་བློ་ལྡན་སེང་གེ དོན་ཡེ། ཆོས་བློ། རྡོར་རྒྱལ། བྱང་ཆེན་པ། བདེ་བ་ཅན་པ་ཡེ་ཤེས་མགོན་པོ། བླ་མ་སེང་རྒྱལ། མཁན་ཆེན་ཤེས་རྡོར་བ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་