R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༤༧
[A:༤༧]རྗེ། དེས་བདག་ལའོ། །ཡང༌། འཕགས་པ་ལ། དཔལ་ལྡན་མངོན་པ་བ། དཔལ་ལྡན་དོ་པ། བླ་མ་རབ། བླ་མ་དབོན། བླ་མ་སངས་རྒྱས་འབུམ། བླ་མ་བསོད་ནམས་དོན་གྲུབ་པ། རྡོ་རྗེ་འཛིན་པ་ཤྲཱི་མན་མ་ཏི། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། རྡོ་རྗེ་དྲིལ་བུ་པའི་ལུགས་ཀྱི་འཁོར་ལོ་བདེ་མཆོག་ལྷ་ལྔའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་པ་རྗེ་བཙུན་ས་སྐྱ་པའི་ལུགས་ཀྱི་བརྒྱུད་པ་ནི། དཔལ་འཁོར་ལོ་སྡོམ་པ། རྡོ་རྗེ་ཕག་མོ། སློབ་དཔོན་རྡོ་རྗེ་དྲིལ་བུ་པ། རུས་སྦལ་ཞབས། འབར་བ་འཛིན། ཀཧྣ་པ། གུ་ཧྱ་པ། རྣམ་རྒྱལ་ཞབས། ཏི་ལོ་པ། ནཱ་རོ་པ། ཕམ་ཐིང་པ། ཀློག་ཀྱ་ཤེས་རབ་བརྩེགས། མལ་ལོ་ཙཱ་བ། ས་ཆེན་པ། སློབ་དཔོན་པ། རྗེ་བཙུན་ཆེན་པོ། ཆོས་རྗེ་ས་སྐྱ་པཎྜི་ཏ། བོ་དོང་རིན་པོ་ཆེ། ཁྲོ་ཕུ་རིན་པོ་ཆེ། ཡང་རྩེ་བ་རིན་ཆེན་སེང་གེ ཐམས་ཅད་མཁྱེན་པ་བུ་སྟོན་ཆོས་ཀྱི་རྗེ། ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་བ། བླ་མ་ཀུན་དགའ་རིན་ཆེན། བཟད་པ་རིན་རྒྱལ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། འདིའི་རྒྱུད་སྲོལ་གཅིག་ལ། རྡོ་རྗེ་འཆང༌། དྲིལ་བུ་པ། ལངྐ་ལི་པ། ནག་པོ་སྤྱོད་པ། གཡོ་བའི་མགོན་པོ། ཏི་ལོ་པ། ནཱ་རོ་པ། མ་ན་ཀ་ཤྲཱི། ཕམ་ཐིང་པ། འཇིགས་མེད་གྲགས་པ། སུ་མ་ན་ཀིརྟི། མར་དོ་བ། གཟེ་བ་བློ་ལྡན་སེང་གེ གཟེ་བ་ཇོ་བདེ། ཤཱཀྱ་རྡོ་རྗེ། རོང་པ་ཆོས་མགོན། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ ཐམས་ཅད་མཁྱེན་པ་བུ་སྟོན་ཆོས་རྗེ། ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། བླ་མ་ཀུན་དགའ་རིན་ཆེན། བཟད་པ་རིན་རྒྱལ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། རྣལ་འབྱོར་དབང་ཕྱུག་མཻ་ཏྲི་པའི་སྒྲུབ་ཐབས་ཀྱི་ལུགས་བཞིན། བདེ་མཆོག་བཅུ་གསུམ་མ། དཀྱིལ་འཁོར་གྱི་ཆོ་ག་དང༌། མངོན་རྟོགས། ཆོས་སྒོ་བ་ཆོས་དཔལ་ཤེས་