R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༩
[A:༣༩]ནི། དམ་པ་དང་པོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོ། རྒྱལ་པོ་ཟླ་བ་བཟང་པོ། ལྷ་དབང༌། གཟི་བརྗིད་ཅན། ཟླ་བས་སྦྱིན། ལྷའི་དབང་ཕྱུག སྣ་ཚོགས་གཟུགས། ལྷའི་དབང་ལྡན། འཇམ་དབྱངས་གྲགས་པ། རྒྱལ་པོ་པད་དཀར། འཇམ་དབྱངས་སྤྲུལ་པ། ཙི་ལུ་ཨ་ཙརྻ། པཎྜི་ཨ་ཙརྻ། དུས་ཞབས་པ་ཆེ་བ། དུས་ཞབས་པ་ཆུང་བ། མཉྫུ་ཀིརྟི། ས་མནྟ་ཤྲཱི། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ རྭ་འབུམ་སེང༌། རྗེ་བཙུན་རྒྭ་ལོ། བླ་མ་ཤེས་རབ་སེང་གེ བླ་མ་དཔལ་ལྡན་སེང་གེ བླ་མ་རྡོ་རྗེ་རྒྱལ་མཚན། མཁན་ཆེན་བུ་སྟོན་པ། བླ་མ་དྷརྨཱ་ཤྲཱི། རྒྱལ་པ་སཾ་གྷ་ཤྲཱི་བྷ་ཏྲ། བཟད་པ་རིན་རྒྱལ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། འབྲོ་པའི་ལུགས་ནི། པད་དཀར་ཡན་གོང་དང་འདྲ་ལ། དེ་ནས་བཟང་པོ། རྣམ་རྒྱལ་ཞབས། བཤེས་གཉེན་བཟང་པོ། ཕྱག་དམར་བ། ཁྱབ་འཇུག་སྦས་པ། ཉི་མ་གྲགས། ཤིན་ཏུ་བཟང༌། རྒྱ་མཚོ་རྣམ་རྒྱལ། རྒྱལ་དཀའ། ཉི་མ། སྣ་ཚོགས་གཟུགས། ཟླ་བའི་འོད། མཐའ་ཡས། ས་སྐྱོང༌། དཔལ་སྐྱོང༌། དུས་ཞབས་པ་ཆེ་ཆུང་གཉིས། ཁ་ཆེ་ཟླ་བ་མགོན་པོ། དགོན་པ་དཀོན་མཆོག་བསྲུངས། སྒྲོ་སྟོན་གནམ་ལ་རྩེགས། ཡུ་མོ་མི་སྐྱོད་རྡོ་རྗེ། སྲས་དྷརྨེ་ཤྭ་ར། གྲུབ་ཐོབ་ནམ་མཁའ་འོད། གྲུབ་ཐོབ་སེ་མོ་ཆེ་ནམ་མཁའ་རྒྱལ་མཚན། འཇམ་གསར་ཤེས་རབ་འོད། བླ་མ་ཆོས་སྐུ་འོད་ཟེར། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། བྱང་སེམས་རྒྱལ་བ་ཡེ་ཤེས། ཀུན་མཁྱེན་འཕགས་འོད། ཡང༌། ཆོས་སྐུ་འོད་ཟེར་གྱི་རྗེས་སུ། ཀུན་མཁྱེན་འཕགས་འོད་བཅུག་ཀྱང་ཆོག འཇམ་གསར་ནས་རྗེ་བཙུན་རྒྭ་ལོ་མན་གོང་བཞིན་བྱས་ཀྱང་ཆོག ཆོས་རྗེ་ཀུན་སྤངས་ནས། ཀུན་མཁྱེན་འཕགས་འོད་བཅུག་ཀྱང་ཡོང་ངོ༌། ། དེ་ལྟར་རྒྱུད་པ་གཉིས་དང་ལྡན་པའི་དབང་བསྐུར་བ་ཞུས་ནས་དེའི་ཡིག་ཆའི་རིམ་པ་ནི། དུས་ཀྱི་