R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༤༣༦
[A:༤༣༦]མེད་པའི་རྒྱུད། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད། ངོ་སྤྲོད་རིན་པོ་ཆེ་སྤྲས་པའི་རྒྱུད། ཀུན་ཏུ་བཟང་པོའི་ཀློང་དྲུག་པའི་རྒྱུད། བཀྲ་ཤིས། མཛེས་ལྡན་ཆེན་མོའི་རྒྱུད། རང་བྱུང་ཡི་གེ་ཆེན་པོའི་རྒྱུད། རིག་པ་རང་གྲོལ་ཆེན་པོའི་རྒྱུད། རིན་པོ་ཆེ་སྤུངས་པའི་རྒྱུད། སྐུ་གདུང་འབར་བ་རྟགས་ཀྱི་རྒྱུད། མུ་ཏིག་ཕྲེང་བའི་རྒྱུད། རྫོགས་པ་རང་བྱུང་གི་རྒྱུད། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད། སེང་གེ་རྩལ་རྫོགས་ཀྱི་རྒྱུད། དེ་དག་གི་བླ་མ་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་ཡབ་ཡུམ། ལོངས་སྐུ་ཞི་ཁྲོ་རབ་འབྱམས། སྟོན་པ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་རྡོ་རྗེ་འཆང་ཆེན། གསང་བདག་ཕྱག་ན་རྡོ་རྗེ། རིག་འཛིན་དགའ་རབ་རྡོ་རྗེ། གུ་རུ་འཇམ་དཔལ་བཤེས་གཉེན། མཁས་མཆོག་ཤྲཱི་སིངྷ༌། རྒྱལ་བ་ཛྙཱ་ན་སུ་ཏྲ། པཎ་ཆེན་བི་མ་ལ་མི་ཏྲ། ཉང་བན་ཏིང་འཛིན་བཟང་པོ། གནས་བརྟན་ལྡང་མ་ལྷུན་རྒྱལ། ལྕེ་བཙུན་སེང་གེ་དབང་ཕྱུག སྤྲུལ་སྐུ་རྒྱལ་བ་ཞང་སྟོན། གུ་རུ་མཁས་པ་ཉི་འབུམ། ཆོས་བདག་གུ་རུ་ཇོ་འབེར། འཁྲུལ་ཞིག་སེང་གེ་རྒྱལ་བ། གྲུབ་ཆེན་ཟླ་བ་མུན་སེལ། རིག་འཛིན་ཀུ་མ་རཱ་ཛ། རྒྱལ་སྲས་དྲི་མེད་འོད་ཟེར། གུ་རུ་ཁྱབ་གདལ་ལྷུན་གྲུབ། སྤྲུལ་སྐུ་གྲགས་པ་འོད་ཟེར། པཎ་ཆེན་ཤེས་རབ་དཔལ་ལྡན། དེས་བདག་ལའོ། །དེ་རྣམས་ཀྱི་སྙིང་པོ་མན་ངག་ལ་སྙིང་ཏིག་གཉིས་ལས། བི་མ་ལ་སྙིང་ཏིག་ལ་ཡང༌། དང་པོར་སྨིན་པར་བྱེད་པའི་དབང་ལ། སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྤྲོས་མེད། རབ་ཏུ་སྤྲོས་མེད་ཀྱི་དབང་བཞི་སོ་སོར་ཐོབ་ནས། གྲོལ་བྱེད་ལམ་གྱི་རིམ་པ་ཉམས་ཁྲིད་དུ་ཐོབ་ཅིང༌། དེ་རྗེས་ཡིག་ཆ་མ་ལུས་པའི་ལུང་ཐོབ་པའི་རིམ་པ་ནི། ཐོག་མར་ཁ་བྱང་ཉི་མའི་སྙིང་པོ་ཐོབ་ནས། དེ་ནས་དེ་ཉིད་ཀྱི་ལུགས་བཞིན་དང༌། ལོ་རྒྱུས་རིན་པོ་ཆེའི་ཕྲེང་བ། སྤྲོས་བཅས་ཀྱི་དབང་ཆོག་ཚངས་པའི་དྲྭ་བ་སྤྲོས་མེད་ཀྱི་དབང་