R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༤༣༤
[A:༤༣༤]གཞན་གསུམ་རིམ་པར་བཅིང་བའི་ཐབས་ཀྱི་བརྒྱུད་པ་ནི། ཨུ་རྒྱན་པ། ཟླ་སེང༌། ར་ག་བྲག་པ། བཀྲས་དཔལ་བ་མན་འདྲ། ཡང་ན། ཨུ་རྒྱན་པ། མཁས་བཙུན་བསོད་ནམས་འོད་ཟེར། འབའ་རྭ་བ། འབྲི་སྒོམ་པ་མན་འདྲ། ཡང༌། འཆིང་བྱེད་ལྕགས་བརྒྱད་ཀྱི་རིམ་པ་ཕྱེ་བ་སྟེ་རྟོགས་པ་ཕྱི་མའི་བརྒྱུད་པ་ནི། ཨུ་རྒྱན་པ། ཟླ་སེང༌། ར་ག་བྲག་པ། བཀྲས་དཔལ་བ་མན་འདྲ། ཡང༌། དངུལ་ཆུ་བཅུད་དུ་བླངས་པ། ཤིག་བསྲུང་བའི་གདམས་པ། རིན་པོ་ཆེའི་རིགས་རྣམས་ཐལ་བར་བཏང་བའི་མན་ངག སློབ་དཔོན་ཀླུ་སྒྲུབ་ནས་བརྒྱུད་པའི་དངུལ་ཆུའི་སྦྱར་ཐབས། ཡང་འདྲེ་དང་སྔགས་ཀྱི་བསྲུང་བའི་ཞལ་གདམས། ཡང་དངུལ་ཆུ་ཚྭས་འདུལ་བ་སོགས་ཀྱི་བརྒྱུད་པ་ནི། ཨུ་རྒྱན་པ། ཟླ་སེང་སོགས་གོང་བཞིན། ཡང༌། ཤ་བ་རི་པའི་དངུལ་ཆུ་སྐོར་གསུམ་གྱི་བརྒྱུད་པའང༌། ཤ་བ་རི་པའི་བཅུད་ལེན་སྐོར་དང་འདྲ། འདི་ཡན་གླེགས་བམ་གཅིག་གོ །ཡང༌། དུག་སྨན། སྨན་ནག་གི་ཟུར་འདེབས། དངུལ་ཆུ་དཀར་འདུལ་དང་བཅས་པའི་བརྒྱུད་པ་ནི། ཨུ་རྒྱན་པ། ཟླ་སེང༌། ར་ག་བྲག་པ་ཤཱཀྱ་དྷྭ་ཛ། འབྲོམ་མདོ་བ་བཀྲས་དཔལ་བ་མན་འདྲ། ཡང༌། བསྙེན་སྒྲུབ་ཀྱི་སྨན་གྱི་སྐོར་ཞེས་དཔེ་ཚན་གཅིག་གི་ནང་ན། དུག་སྨན་སྦྱོར་ཐབས་སྡེ་གཅིག ཟླ་བའི་གཙོ་བཀྲུ་བྱ་ཐབས། སྨན་ནག་གི་གཞུང་ཡིད་བཞིན་ནོར་བུ་ལེའུ་ལྔ་པ། བདུད་རྩི་ལྔའི་བཅུད་ལེན་རྣམས་བླ་མ་རྣམ་རྒྱལ་བས་མཛད་པའི་བརྒྱུད་པ་ཉེ་བརྒྱུད་ནི། རྡོ་རྗེ་རྣལ་འབྱོར་མ། ཨུ་རྒྱན་པ། ཟླ་སེང༌། རྣམ་རྒྱལ་བ། ནོར་བུ་བ་མན་འདྲ། རིང་རྒྱུད་ནི། དྷི་ཀ་རི་པ། ཛྙཱ་ལ་དྷི་རི་པ། ཤྲཱི་ཙནྟྲ། བྷ་ཏྲ་བྷ་བ། པ་རུ་པ། ཨུ་རྒྱན་པ། ཟླ་སེང༌། རྣམ་རྒྱལ་བ། ནོར་བུ་བ་མན་འདྲ། དངུལ་ཆུ་རབ་ཏུ་བསྒྲུབ་པའི་བསྟན་བཅོས་སློབ་དཔོན་བྷ་ལི་པས་མཛད་པ། རྒྱ་གར་གྱི་པཎྜི་ཏ་ཤྲཱི་ན་ལེནྡྲ་དང༌། ལོ་ཙཱ་བ་