R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༤༠༠
[A:༤༠༠]ཆོས་ཀྱི་སེང་གེ གཙང་ནག་འོད་འབར། གཡུང་སྟོན་སངས་རྒྱས། རྒྱ་གབ་གོང་བ། གཡུ་སྟོན་ཆོས་མགོན། ལྕེ་སྟོན་བསྒྲུབ་པ་འབུམ། ཟུར་བྱམས་པ་སེང་གེ བསམ་གྲུབ་རྡོ་རྗེ། སྒྲོལ་མ་བ། ཡིད་སངས་རྩེ་བ། རྗེ་བླ་མ། དེས་བདག་ལའོ།། ༈ །།ཡང༌། གཟའ་མཆོག་ར་ཧཱུ་ལའི་རྗེས་སུ་གནང་བ། ཆོས་རྗེ་ཐམས་ཅད་མཁྱེན་པ་བྱམས་པ་གླིང་པའི་དྲུང་དུ། རྗེ་བླ་མ་འདི་དང་ལྷན་དུ་ཞུས་ནས། མན་ངག་གི་རིམ་པ། བསྲུངས་མ་འདིའི་གྲུབ་བརྙེས་བླ་མ་འདི་ལས་ཐོབ་པ་ནི། ར་ཧཱུ་ལའི་སྒྲུབ་ཐབས་དུག་གི་སྤུ་གྲི། ལས་འགྱངས་ན་གནད་ལ་དབབ་པ། སྲུང་བ་ཡིད་བཞིན་ནོར་བུ། སྲུང་བའི་གནད། གཟའི་ཨོལ་བ་དགའ་བ་ཙཀྲ་བྲི་ཐབས་དང་བཅས་པ། གནད་ཀྱི་མན་ངག་དྲུག་ལ་དང་པོ་ཤི་ས་བརྟན་པ། གཉིས་པ་བླ་རྡོ་གཟུང་བ། གསུམ་པ་ཞུད་ལ་བླང་བ། བཞི་པ་ཐུགས་དམ་བསྐང་བ། ལྔ་པ་གཏོད་ལ་མནན་པ། དྲུག་པ་དུག་དབྱུང་བ་སྟེ། ལོག་ནོན་དྲུག་གོ སྒབ་འདྲེ་མནན་པ། བླ་རྡོའི་ཙཀྲ། གཏོར་མནོན་ཙཀྲ། གཟའ་རྒོད་ནག་པོའི་གདོང་གཏད། དག་ཡིག་སྔགས་ཀྱི་འབྲུ་ཐེམས། ཞལ་དུ་བཏབས་པའི་ལས་རིམ། བསྲེག་ཟོར་ཧྭམ་གྱི་ལས། མནན་པའི་ལས། ཁྱབ་འཇུག་བརྒྱད་པོ་བསྐུལ་བ་རྣམས་སོ། །དེ་རྣམས་ཀྱི་བརྒྱུད་པ་ནི། སློབ་དཔོན་པད་མ་འབྱུང་གནས། སྤྲུལ་སྐུ་དཔའ་བོ་སྒང་བ་ཚུལ་ཁྲིམས་རྡོ་རྗེ། འདིས་དྭགས་པོ་དང་ལུང་ཁྲ་མོའི་བྲག་ནས་གཏོན། དེས་སྤྲུལ་སྐུ་ལེགས་ལྡན་པ། བླ་མ་རྒྱལ་མཚན་པ། ཆག་ཉི་མ་དར། ཡེ་ཤེས་དཔལ་བཟང་ངོ༌། །སྲས་བློ་བཟང་དཔལ་འབྱོར། ཆག་རིན་ཆེན་ཆོས་རྒྱལ། དྲིན་ཅན་རྩ་བའི་བླ་མ། དེས་བདག་གོ ༈ །གཟའ་བདུད་དུག་གི་སྤུ་གྲིའི་དབང་ཡང་ཐོབ་པའི་བརྒྱུད་པ་ནི། ཀུན་བཟང་ཡབ་ཡུམ། ཞི་ཁྲོ་རབ་འབྱམས། རྡོ་རྗེ་འཆང༌། རྡོ་རྗེ་སེམས་དཔའ། ཕྱག་ན་རྡོ་རྗེ། དགའ་རབ་རྡོ་རྗེ། འཇམ་