R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༤༥
[A:༣༤༥]གཉིས་ནས་གསུང་པའི་ཀྱཻ་རྡོར་ཕྱག་བཅུ་དྲུག་པ། ཕྱག་དྲུག་པ། ཕྱག་བཞི་པ། ཕྱག་གཉིས་པ་རྣམས་ལྷ་དགུ་མ། སམྤུ་ཊི་ནས་གསུང་པའི་ཀྱཻ་རྡོར་ཕྱག་བཅུ་དྲུག་པ། ཕྱག་དྲུག་པ། ཕྱག་བཞི་པ། ཕྱག་གཉིས་པ་རྣམས་བཅུ་བདུན་མ། བདག་མེད་མ་ལྷ་བཅོ་ལྔ་མ་སྟེ་དགུ་ལ་ཞག་གཅིག རྡོ་རྗེ་གུར་ལས་གསུང་པའི་རྡོ་རྗེ་མཁའ་འགྲོ། བརྟག་པ། ཉི་མ། རྟ་མགྲིན། རྟ་རྒྱལ་སྟེ་མཁའ་འགྲོ་ལྔའི་དཀྱིལ་འཁོར། བདག་མེད་མ་ཉེར་གསུམ་མ། ཀུ་རུ་ཀུལླེ། གུར་སྒྲོལ་ལྷ་བཅུ་གཅིག་མ། སྒྲོལ་མ་དམར་མོ་ལྷ་ཉེར་གཅིག་མ་སྟེ་དགུ་ལ་ཞག་གཅིག བདེ་མཆོག་ལྷ་རེ་གཉིས་པ། སེར་པོ་རེ་གཉིས་པ། ལྗང་ཁུ་རེ་གཉིས་པ། དཀར་པོ་ཉེར་དགུ་པ། ལྷ་བཅུ་གསུམ་མ། ལྷ་ལྔ་མ། ལྷ་དགུ་མ། ལྷ་བདུན་མ་སྟེ་སྡེ་ཡབ་བཀའ་བརྒྱད། ཡུམ་བཀའ་ཕག་མོ་སོ་བདུན་མ་སྟེ་དགུ་ལ་ཞག་གཅིག འཁོར་ཆེན། བདུད་རྩི་ཐིགས་པ། མདོར་བསྡུས་པ། མཆོད་རྟེན་སྔོན་པོ། གཏུམ་པོ། ཁྱུང་ནག རྡོ་རྗེ་སེམས་དཔའ། ཛམྦྷ་ལ། ཆོས་སྐྱོང་དང་དགུ་ལ་ཞག་གཅིག རྡོ་རྗེ་སེམས་དཔའ། རྣམ་སྣང་རིན་ཆེན་ཌ་ཀི པདྨ་ཌ་ཀི མི་བསྐྱོད་ཌ་ཀི དོན་གྲུབ་ཌ་ཀི་ཏེ་ཨ་བྷི་དྷ་ན་ལས་གསུང་པའི་བདེ་མཆོག་འཁོར་ལོ་སྒྱུར་དྲུག་གི་དཀྱིལ་འཁོར་དྲུག མ་ཧཱ་མ་ཡཱ་ཞལ་བཞི་ཕྱག་བཞི་པ། ཞལ་གཅིག་ཕྱག་གཉིས། དཔའ་བོ་གཅིག་པ་དང་གསུམ་སྟེ་དགུ་ལ་ཞག་གཅིག ཏེ་ལོ་མཁའ་སྤྱོད། ནཱ་རོ་མཁའ་སྤྱོད། མི་ཏྲི་མཁའ་སྤྱོད། ཞལ་གཉིས་མ། དབུ་བཅད་མ། དོན་གྲུབ་མ། ཞལ་བཞི་མ། ཕག་གདོང་ནག་མོ་སྟེ་ཕག་མོ་བརྒྱད། རྟ་མགྲིན་པདྨ་གར་གྱི་དབང་ཕྱུག་སྟེ་དགུ་ལ་ཞག་གཅིག གདན་བཞི་ཡབ་བཀའ། ཡུམ་བཀའ། ཐོད་པ་ལྷ་ཉེར་ལྔ་མ་དང༌། ལྷ་དགུ་མ། སྒྱུ་འཕྲུལ་དྲྭ་བ། མཚན་བརྗོད་ཟབ་པ། སྐུ་གདུང་བརྟན་པ་དམ་པ་རིགས་བརྒྱ། སྤྱན་རས་གཟིགས་ཕྱག་གཉིས་པ་