R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༨
[A:༢༨]མགོན་ལྷ་བཅུ་གཉིས་པ་དང༌། ལྷ་བརྒྱད་མ། གནོད་སྦྱིན་པུ་ཏྲ་ལྕམ་དྲལ་གྱི་ཁྱད་པར་གྱི་རྗེས་གནང་དང་བཅས་པ་ཞུས་པའི་རྒྱུད་པ། འཕགས་པ་ཡན་ལྷ་གསུམ་མ་དང་འདྲ་བ་ལས། འཕགས་པ་ལ། བླ་མ་ཞང༌། བྲག་ཕུག་པ། ཆོས་རྗེ་བླ་མ། བླ་མ་བསོད་ནམས་འོད་ཟེར། བླ་མ་དཔལ་ལྡན་ལེགས་དབང༌། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། མགོན་པོ་ལ་གཤིན་རྗེ་ཕོ་བརྒྱད་དང༌། མོ་བརྒྱད་ཀྱིས་སྐོར་བ་ལྷ་བཅུ་བདུན་མའི་ལུང་ཞུས་པ་ལ། རྒྱུད་རྟོག་པ་བཅུ་གཉིས་པ་དང༌། དབང་བསྐུར་བའི་ཆོ་ག་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་ལྷ་ལྔའི་ལུགས། ནག་པོ་ཆེན་པོ་ལྷ་གཅིག་གི་སྒྲུབ་ཐབས། སྲོག་ཕུར། ཡང༌། ནག་པོ་ཆེན་པོ་ལྷ་གཅིག་གི་སྒྲུབ་ཐབས། བསྟོད་བསྐུལ་ལས་སྦྱོར་དང་བཅས་པ། གཏོར་མའི་ཆོ་ག་ནག་པོ་ཆེན་པོའི་བསྟོད་པ་སྔོན་ཚེ་མ་དང༌། བསྟོད་པའི་འཕྲེང་བ་གཉིས། ཡང༌། ནག་པོ་ཆེན་པོའི་གཅིག་རྒྱ་བར་དཀྱིལ་འཁོར་གྱི་ཆོ་ག་རྣམས་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ། ལ་ལི་ཏ་བཛྲ། མཚན་ནག་པོ་རིགས་འཛིན་དུ་གྲགས་པ་དང༌། མདོ་སྨད་ཀྱི་གྱི་ལྗང་དབུ་དཀར་ཞེས་བྱ་བས་བསྒྱུར་བ། རྒྱུད་རྟོག་པ་བཅུ་གཉིས་པའི་འགྲེལ་པ། དགེ་སློང་དྷརྨྨ་གཟི་བརྗིད་ཀྱིས་སྦྱར་བ། ནག་པོ་ཆེན་པོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལག་ཏུ་བླང་བའི་རིམ་པ། བླ་མའི་ཕྱག་བཞེས་བཞིན་དུ་བྲིས་པ། ནག་པོ་ཆེན་པོ་ལྷ་བཅུ་བདུན་གྱི་བསྙེན་བསྒྲུབ་གསད་གསུམ་གྱི་གདམས་པ་བླ་མའི་ཞལ་སྔ་ནས་ཀྱི་ལག་ཏུ་བླང་བའི་རིམ་པ། རྒྱུད་དུར་ཁྲོད་ནག་པོའི་བསྡུས་དོན་དྷརྨྨ་གཟི་བརྗིད་ཀྱིས་སྦྱར་བ། ནག་པོ་ཆེན་པོའི་དཀྱིལ་འཁོར་གྱི་འཁོར་ལོ་དྲག་བྱེད་ཀྱི་ཚུལ་དུ་བསྐྱེད་པ་དང༌། སྦྱིན་སྲེག་གི་ཆོ་ག་དང༌། དཔའ་བོ་གཅིག་པ་སྲས་ཀྱི་ཚུལ་དུ་བསྐྱེད་པ་དང༌། གཏོར་མའི་ཆོ་ག་དང༌། དཀྱིལ་འཁོར་གྱི་ཆོ་ག་རྣམས་ཀྱི་བསྡུས་དོན། ཡང༌། ནག་པོ་ཆེན་པོ་ལྷ་བཅུ་བདུན་གྱི་སྒྲུབ་