R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༣༥
[A:༣༣༥]གོང་དུ་བྱུང༌།
འཕགས་མ་རི་ཁྲོད་ལོ་མ་ཅན་གྱི་གཟུངས།
འདི་རྗེས་གནང་ལ་མ་བྱུང༌།
དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐུ་མདོག་སེར་མོའི་སྒྲུབ་ཐབས། དེའི་སྒྲུབ་ཐབས་མདོར་བསྡུས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དཀར་མོའི་སྒྲུབ་ཐབས། སློབ་དཔོན་དགེ་འདུན་སྦྱིན་གྱི་བུས་མཛད་པ། དེའི་སྒྲུབ་ཐབས་པཎྜི་ཏ་པདྨ་འཕེལ་གྱི་མཛད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་གསེར་མདོག་ཅན་གྱི་སྒྲུབ་ཐབས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས། གསེར་མདོག་ཅན་ཤེར་ཕྱིན་གྱི་སྒྲུབ་ཐབས། ཤེར་ཕྱིན་གྱི་སྒྲུབ་ཐབས་འཕགས་པ་ཐོགས་མེད་ཀྱི་མཛད་པ། འཕགས་མ་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས། སློབ་དཔོན་དཔལ་འཛིན་གྱི་མཛད་པ། ཡང་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་གསུམ། རྡོ་རྗེ་པི་ཝང་དབྱངས་ཅན་མའི་སྒྲུབ་ཐབས། ཡང་དབྱངས་ཅན་མའི་སྒྲུབ་ཐབས། གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས་བྱུང་བའི་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས། ཡང་དབྱངས་ཅན་མའི་སྒྲུབ་ཐབས་ཁྲོ་གཉེར་ཅན་གྱི་སྒྲུབ་ཐབས་གཉིས། སྒྲོལ་མའི་རྟོག་པ་ལས་བྱུང་བའི་ཀུ་རུ་ཀུལླེའི་སྒྲུབ་ཐབས། སྒྲོལ་མའི་རྟོག་པ་ལས་བྱུང་བའི། ཚིག་ལྷུག་པའི་རིག་བྱེད་མའི་སྒྲུབ་ཐབས། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་མཛད་པ། ཀུ་རུ་ཀུལླེའི་དབང་དུ་བྱེད་པའི་མན་ངག རིག་བྱེད་མའི་སྒྲུབ་ཐབས། དཔལ་འཕགས་མ་རིག་བྱེད་མའི་སྒྲུབ་ཐབས། ཨུ་རྒྱན་ནས་བྱུང་བའི་རིག་བྱེད་མའི་སྒྲུབ་ཐབས། རིག་བྱེད་མའི་སྒྲུབ་ཐབས་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ། ཀྱཻ་རྡོ་རྗེའི་རིམ་པའི་ཀུ་རུ་ཀུལླེའི་སྒྲུབ་ཐབས། ཀུ་རུ་ཀུལླེའི་སྒྲུབ་ཐབས་དཔལ་ཀྱཻ་རྡོ་རྗེའི་རྒྱུད་ལས་བྱུང་བ། སྙན་ངག་མཚན་ཆེན་པོ་བརྩེ་བ་ཅན་ཞེས་བྱ་བས་ཚིག་བཅད་དུ་སྡེབས་པ། རྗེ་བཙུན་མ་ཀུ་རུ་ཀུལླེ་ཕྱག་དྲུག་པའི་སྒྲུབ་ཐབས། རིག་བྱེད་མ་ཕྱག་དྲུག་པའི་སྒྲུབ་ཐབས། རིག་བྱེད་མ་