R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༣༡
[A:༣༣༡]རོལ་པས་མཛད་པ། རྡོ་རྗེ་ཆོས་ཀྱི་སྒྲུབ་ཐབས་ཆོ་ག་བསྡུས་པ། འཇིག་རྟེན་མགོན་པོ་པདྨ་གར་གྱི་དབང་ཕྱུག་གི་སྒྲུབ་ཐབས། རྫོགས་པའི་སངས་རྒྱས་ཀྱི་གསུངས་པ། པདྨ་གར་གྱི་དབང་ཕྱུག་གི་སྒྲུབ་ཐབས། ཧ་རི་ཧ་རི་ལ་ཞོན་པར་གྱུར་པའི་སྒྲུབ་ཐབས། ཧ་རི་ཧ་རི་ལ་ཞོན་པར་གྱུར་པའི་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས། རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ། ཨོ་ཌ་ཡ་ན་འཇིག་རྟེན་གསུམ་དབང་དུ་བྱེད་པའི་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས། ས་ར་ཧས་མཛད་པ། ཨོ་ཌ་ཡ་ན་ནས་བྱུང་བའི་ས་ར་ཧའི་ཞབས་ཀྱི་གདན་དྲངས་པའི་འཇིག་རྟེན་གསུམ་དབང་དུ་བྱེད་པའི་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས། འཇིག་རྟེན་དབང་ཕྱུག་དམར་པོའི་སྒྲུབ་ཐབས། འཇིག་རྟེན་དབང་ཕྱུག་གི་ལྷག་པར་དབང་དུ་བྱ་བའི་ཆོ་ག བསམ་གྱིས་མི་ཁྱབ་པའི་རྗེས་སུ་འབྲང་བའི་འཇིག་རྟེན་དབང་ཕྱུག་མགྲིན་པ་སྔོན་པོ་ཅན་གྱི་སྒྲུབ་ཐབས། སྒྱུ་འཕྲུལ་དྲྭ་བའི་རིམ་པའི་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས། ཤེས་རབ་
ཕྱག་ན་པདྨ་མ
བསྐྱེད་པ་པདྨའི་ཕྱག་གི་གཟུངས་དང༌། སྲན་མཱ་ཁའི་
ལོ་ཀི་ཤྭ་ར
གཟུངས། འཇིག་རྟེན་དབང་ཕྱུག་དོན་ཡོད་ཞགས་པའི་སྒྲུབ་ཐབས། འཇིག་རྟེན་གསུམ་དབང་དུ་བྱེད་པའི་འཕགས་པ་དབང་ཕྱུག་མའི་སྒྲུབ་ཐབས། སློབ་དཔོན་ཤཱུ་ནྱ་ཏཱ་ས་མ་དྡྷི་བཛྲ་པཱ་དས་མཛད་པ། འཇིག་རྟེན་མགོན་པོའི་སྒྲུབ་ཐབས། བརྟན་པའི་འཁོར་ལོའི་སྒྲུབ་ཐབས། སློབ་དཔོན་བྷ་སྐན་དྷས་མཛད་པ། ཚིག་ལྷུག་པའི་བརྟན་པའི་འཁོར་ལོའི་སྒྲུབ་ཐབས། འཇམ་དཔལ་སེང་གེ་སྒྲའི་སྒྲུབ་ཐབས། དཔལ་ལྡན་ངག་གི་རྒྱལ་པོའི་སྒྲུབ་ཐབས། པཎྜི་ཏ་ཡིད་བཞིན་ནོར་བུ་སྦྱིན་པས་མཛད་པ། རྡོ་རྗེ་རྣལ་འབྱོར་མས་གསུངས་པའི་འཇམ་དཔལ་ངག་གི་རྒྱལ་པོའི་སྒྲུབ་ཐབས། ངག་གི་རྒྱལ་པོའི་སྒྲུབ་ཐབས། འཇམ་པའི་དབྱངས་ཀྱི་སྒྲུབ་ཐབས། འཕགས་པ་ངག་གི་རྒྱལ་པོའི་སྒྲུབ་ཐབས། ངག་གི་རྒྱལ་པོའི་