R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༡༠
[A:༣༡༠]རྗེ། འབྲས་དཀར་བ་མན་གོང་བཞིན་ནོ། །རྣལ་འབྱོར་པ་རང་གི་སེམས་ངལ་གསོ་བའི་མན་ངག་ཚིགས་སུ་བཅད་པ་ཉི་ཤུ་རྩ་ལྔ་པ་སྤྱན་རས་གཟིགས་ལ་དངོས་སུ་མི་ཏྲས་གསན་ནས། ཤྲཱི་ཛ་ག་ཏ་མི་ཏྲས་མཛད་པ། སྣུབས་ལོ་ཙཱ་བས་བྱམས་པ་དཔལ་གྱིས་བསྒྱུར་བ་གཉིས་ཐོས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཁ་སརྤ་ཎི། བྱང་སེམས་བློ་གྲོས་རིན་ཆེན། ཏཻ་ལོ་པ། རོལ་པའི་རྡོ་རྗེ། རྗེ་བཙུན་མི་ཏྲ་ཛོ་གི ཁྲོ་ཕུ་ལོ་ཙཱ་བ་ཚུལ་ཁྲིམས་ཤེས་རབ། སངས་རྒྱས་བསོད་དབང༌། རིན་པོ་ཆེ་བསོད་ནམས་སེང་གེ སློབ་དཔོན་ཞང་ཡེ་ཤེས། བླ་མ་བག་སྟོན་པ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། ༈ །རིགས་ཀྱི་འཇིག་རྟེན་མགོན་པོའི་སྒྲུབ་ཐབས་ཀྱི་སྣང་བ། རྗེ་བཙུན་མ་ཧི་མས་མཛད་པ་དྷརྨ་དྷ་ར་དང༌། ཡར་ལུངས་པ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བ་དང༌། རིགས་ཀྱི་འཇིག་རྟེན་དབང་ཕྱུག་བསྒོམ་པའི་རིམ་པ་པཎྜི་ཏ་ཆེན་པོ་བི་མ་ལ་ཤྲཱིའི་ཞལ་སྔ་ནས་འབྱུང་བ་བཞིན་བྲིས་ཞེས་པ་དང༌། འཕགས་པ་སྤྱན་རས་གཟིགས་རིགས་ཀྱི་འཇིག་རྟེན་མགོན་པོའི་རྗེས་གནང་གི་ཆོ་ག ཁ་ཆེའི་པཎྜི་ཏ་བི་མ་ལ་ཤྲཱིའི་ཞལ་སྔ་ནས་བྲིས་སོ། །ལོ་ཙཱ་བ་བློ་བརྟན་གྱིས་བསྒྱུར་བ་སྒྲ་ཐོས་པའི་བརྒྱུད་པ་ནི། རིགས་ཀྱི་འཇིག་རྟེན་དབང་ཕྱུག ཙི་ཨི་བྷ་དྲ་པ། བྱམ་ག་ར་བྷ་དྲ། པུ་ཛ་ན་ཤྲཱི། རཏྣ་ཤྲཱི། ཀ་ལེན་ཤཱནྟི་མི་དྲ། བཱ་ནི་ཏ་བྷ་དྲ། བྷུ་མི་ཤྲཱི། ལོ་ཙཱ་བ་གྲགས་པ་རྒྱལ་མཚན། ལོ་མཆོག བླ་མ་བསོད་སེང༌། གར་ཐིག་པ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༈ །བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྒྲུབ་ཐབས། ཡེ་ཤེས་ཀྱི་མཁའ་འགྲོ་མ་གྲུབ་པའི་རྒྱལ་མོས་མཛད་པ་དང༌། དེའི་དབང་བཞི་བསྐུར་བའི་ཆོ་གའི་ལས་ཁྲིགས་འཆི་མེད་ཡེ་