R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༦༤
[A:༢༦༤]གནོན་པས་ཞུས་པ་བམ་པོ་བདུན་དང་ཤླཽ་ཀ་དྲུག་ཅུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བདུན་བརྒྱ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བརྒྱ་པ། ཤཱི་ལེནྡྲ་བོདྡྷི་དང༌། ཛྙཱ་ན་སིངྷ་དང༌། ཡེ་ཤེས་སྡེའི་འགྱུར། རྡོ་རྗེ་གཅོད་པ་བམ་པོ་གཅིག ཤཱི་ལེནྡྲ་བོདྡྷི་དང༌། ཡེ་ཤེས་སྡེའི་འགྱུར། སྡུད་པ་བམ་པོ་གཅིག ཚུལ་བརྒྱ་ལྔ་བཅུ་པ། ཀཽའུ་ཤི་ཀས་ཞུས་པ་ཤླཽ་ཀ་སུམ་ཅུ་སོ་གཅིག ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་བརྒྱ་རྩ་བརྒྱད་པ་ཤླཽ་ཀ་སུམ་ཅུ། སྒོ་ཉི་ཤུ་རྩ་ལྔ་པ། ཡི་གེ་ཉུང་ངུ༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་ཡི་གེ་གཅིག་མ། ཤེས་རབ་སྙིང་པོ། ཤླཽ་ཀ་ཉེར་ལྔ་སྟེ། དེ་རྣམས་རིམ་པ་ཡིན་ལ། དེ་དག་ཀྱང༌། སྡུད་པ། ཤེས་རབ་སྙིང་པོ། ཡི་གེ་ཉུང་ངུ༌། ཡི་གེ་གཅིག་མ་རྣམས་ལ་ཟབ་མོའི་ཆོས་བཞིར་གྲགས་པ་དང༌། བདུན་བརྒྱ་པ། ལྔ་བརྒྱ་པ། བརྒྱ་ལྔ་བཅུ་པ། མཚན་བརྒྱ་རྩ་བརྒྱད་པ། ཚུལ་བརྒྱ་ལྔ་བཅུ་པ། སྒོ་ཉི་ཤུ་རྩ་ལྔ་པ་སྟེ། གྲངས་ལས་མཚན་དུ་བཏགས་པའི་མདོ་དྲུག རབ་རྩལ་གྱིས་ཞུས་པ། ཀཽའུ་ཤི་ཀས་ཞུས་པ་སྟེ་ཞུ་བ་པོ་ལས་མཚན་དུ་བཏགས་པ་གཉིས། རྡོ་རྗེ་གཅོད་པ་རྣམས་ཏེ། དེ་དག་གི་བརྒྱུད་པ་ནི། ཁ་ཆེ་ཛྙཱ་ན་ཤྲཱི། སུ་མ་ཏི་ཀཱིརྟི། སྨྲྀ་ཏི་ཛྙཱ་ན་ཀཱིརྟི། ཏིང་ངེ་འཛིན་བཟང་པོ། ལྷོ་པ་ཐམས་ཅད་མཁྱེན་པ། བླ་མ་གྲགས་པ་སེང་གེ སྤྱིལ་བུ་བ་བོད་ཤེ། བླ་མ་དར་མ་འོད་ཟེར། བླ་ཞིག་བྱང་ཆུབ་རྡོ་རྗེ། བླ་མ་ཡེ་ཤེས་མགོན། བླ་མ་སེང་གེ་རྒྱལ་མཚན། གར་ཐིག་པ་བསོད་རྒྱལ། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་དཔལ་ཤེས་རབ། སློབ་དཔོན་བསོད་ནམས་སེང་གེ རིན་པོ་ཆེ་གྲགས་དོན་པ། བླ་མ་རིན་ཆེན་གྲགས་པ། ཆོས་རྗེ་ཤཱཀྱ་རྒྱལ་མཚན། དེའི་བཀའ་དྲིན་གྱིས་ཐུ་བཙུན་ཀུན་དགའ་རྣམ་པར་རྒྱལ་བ་བདག་ལའོ། །ཤུ་བྷཾ།། །།