R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༦༢
[A:༢༦༢]རབ། སྟག་སྟོན་སྤྱིལ་བུ་བ། དར་མ་འོད་ཟེར། ཞང་ཆོས་ཀྱི་བླ་མ། སློབ་དཔོན་ཇོ་བཙུན། སློབ་དཔོན་བསམ་གཏན་གྲུབ། འདུལ་འཛིན་སེའུ་པ་བློ་གྲོས་བཟང་པོ། མཉྫུ་གྷོ་ཥཱ་རཏྣ། འདུལ་འཛིན་སྟན་གཅིག་པ་བློ་གྲོས་བྱང་ཆུབ། སློབ་དཔོན་ཤཱི་ལ་བྷ་དྲ། སློབ་དཔོན་བསོད་ནམས་སེང་གེ རིན་པོ་ཆེ་གྲགས་དོན་པ། བླ་མ་རིན་ཆེན་གྲགས་པ། རྗེ་བླ་མ་ཤཱཀྱ་རྒྱལ་མཚན། དེས་བདག་ལའོ། ༈ །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། ལེའུ་བདུན་ཅུ་དོན་དྲུག བམ་པོ་བརྒྱད་བཅུ་རྩ་གསུམ་དང༌། ཤླཽ་ཀ་བརྒྱ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། འཕགས་པ་བྱམས་པ། སློབ་དཔོན་ཐོགས་མེད། མཁས་པ་དབྱིག་གཉེན། འཕགས་པ་གྲོལ་སྡེ། བཙུན་པ་གྲོལ་སྡེ། མཆོག་གི་སྡེ། དུལ་བའི་སྡེ། རྣམ་པར་སྣང་མཛད་བཟང་པོ། སློབ་དཔོན་སེང་གེ་བཟང་པོ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས། གུ་ན་མི་ཏྲ། རཏྣ་སརྦ་ཐཱ། སློབ་དཔོན་ཤཱནྟི་པ། པཎྜི་ཏ་འབུམ་ཕྲག་གསུམ་པ། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ། འབྲོ་ཤེས་རབ་འབར། ཨར་བྱང་ཆུབ་ཡེ་ཤེས། ཁུ་སྟོན་ཤེས་རབ་བརྩོན་འགྲུས། སློབ་དཔོན་དཀར་ཆུང་རིང་མོ། ཞང་གཡེ་པ་ཆེན་པོ། བླ་མ་གཉལ་པ་ཞིག་པོ། རྒྱ་ཤེས་རབ་དབང་ཕྱུག ཆུ་མིག་པ་སེང་གེ་དཔལ། དགེ་བའི་བཤེས་གཉེན་ལྷོ་བྲག་པ། མཁས་པ་དབྱེན་དགེ་བ། སློབ་དཔོན་རྒྱུད་བླ་བ་རྡོ་རྗེ་རིན་ཆེན། མཐའ་རྩའི་སློབ་དཔོན་ཆོས་སྒོ་བ་ཤཱི་ལ་བྷ་དྲ། སློབ་དཔོན་བསོད་ནམས་སེང་གེ རིན་པོ་ཆེ་གྲགས་དོན་པ། ཆོས་རྗེ་ཤཱཀྱ་རྒྱལ་མཚན། དེས་བདག་ལའོ། ༈ །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་བམ་པོ་ཉི་ཤུ་རྩ་བཞི། ལེའུ་སུམ་ཅུ་སོ་གཉིས་ཐོས་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། འཕགས་པ་བྱམས་པ། སློབ་དཔོན་ཐོགས་མེད། མཁས་པ་དབྱིག་གཉེན། འཕགས་པ་གྲོལ་སྡེ། བཙུན་པ་གྲོལ་སྡེ། མཆོག་