R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༠
[A:༢༠]དཀྱིལ་ཆོག ནག་པོ་པའི་དབང་གི་སྡོམས། ནག་པོ་པའི་མཆོད་འཕྲེང༌། ལྷ་མོ་བཅུ་དྲུག་གི་མཆོད་པ་གཉིས། བདེ་མཆོག་གི་བསྟོད་པའི་རབ་བྱེད་སྟོན་ཤེས་བསྐུལ་བ། སྒོ་འཚམས་མ་རྣམས་ལ་བསྟོད་ཅིང་བསྐུལ་བ། ནག་པོ་པའི་སྦྱིན་བསྲེག་གི་དོན་རྒྱས་པར་བཤད་པ། ནག་པོ་པའི་སྦྱིན་བསྲེག་གི་སྡོམས། བདེ་མཆོག་ལྷན་སྐྱེས་ཀྱི་སྒྲུབ་ཐབས་ཡན་ལག་བཅུ་བཞི་པ། བདེ་མཆོག་ལྷན་སྐྱེས་ཀྱི་སྒྲུབ་ཐབས་བསྡུས་པ། ཁ་ཆེ་རིན་ཆེན་རྡོ་རྗེའི་བཀྲ་ཤིས་ཀྱི་ཁ་བསྐོང་དང་བཅས་པའི་བཀྲ་ཤིས་གཉིས། རྡོ་རྗེ་མཁའ་འགྲོའི་སྦྱིན་བསྲེག ནཱ་རོ་མཁའ་སྤྱོད་ཀྱི་མངོན་རྟོགས། རྡོ་རྗེ་རྣལ་འབྱོར་མའི་སིནྡྷུ་རའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག སྒྲུབ་ཐབས། ཚོགས་འཁོར། སྦྱིན་བསྲེག་དང་བཅས་པ། སྒྲོལ་མ་ལྷ་བཅུ་བདུན་གྱི་སྒྲུབ་ཐབས། སྒྲོལ་མའི་དབང་ཆོག སྒྲོལ་མའི་ལུས་དཀྱིལ་བསྒོམ་པའི་རིམ་པ། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་བསྡུས་པ། འཇིགས་པ་བརྒྱད་སྐྱོབས་ཀྱི་སྒྲུབ་ཐབས། ཨུ་རྒྱན་སྒྲོལ་མའི་སྒྲུབ་ཐབས། གུར་གྱི་སྒྲོལ་མའི་སྒྲུབ་ཐབས། ཕྱག་དྲུག་སྒྲོལ་མའི་སྒྲུབ་ཐབས། སྦྱོང་རྒྱུད་ནས་གསུངས་པའི་ཚེ་དཔག་མེད་ཀྱི་སྒྲུབ་ཐབས། ཡང་ཚེ་དཔག་མེད་ཀྱི་སྒྲུབ་ཐབས། ཚེ་དཔག་མེད་ཀྱི་བསྟོད་པ། སྣང་བ་མཐའ་ཡས་ཀྱི་ཉལ་སྒོམ་དང༌། ཐུགས་རྗེ་ཆེན་པོ་དང་ཕྱག་རྒྱ་ཆེན་པོ་ཟུང་འཇུག་ཏུ་ཉམས་སུ་ལེན་པའི་ཚུལ། ཐུགས་རྗེ་ཆེན་པོ་ཕྱག་བཞི་པའི་སྒྲུབ་ཐབས། སེང་གེ་སྒྲའི་སྒྲུབ་ཐབས། ཨ་ར་པ་ཙ་ནའི་སྒྲུབ་ཐབས། འཇམ་དབྱངས་དཀར་པོའི་སྒྲུབ་ཐབས། མི་འཁྲུག་པའི་སྦྱིན་བསྲེག ཕྱག་ན་རྡོ་རྗེའི་སྒྲུབ་ཐབས། རྣམ་འཇོམས་སྒྲུབ་ཐབས། མི་གཡོ་བ་སྔོན་པོའི་སྒྲུབ་ཐབས། མི་གཡོ་བ་ཕྱག་བཞི་པའི་སྒྲུབ་ཐབས། རྟ་མགྲིན་ཁྱུང་གཤོག་ཅན་གྱི་སྒྲུབ་ཐབས། བྱམས་པའི་སྒྲུབ་སྐོར་ཡན་ལག་དང་བཅས་པ། རྣམ་རྒྱལ་སྟོང་མཆོད་ཀྱི་ཆོ་ག་དང་