R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༤༥
[A:༢༤༥]རྒྱལ་པོའི་མདོ། ཚེ་འཕོས་པ་ཇི་ལྟར་འགྱུར་བ་ལུང་བསྟན་པ། ཟླ་བའི་མདོ། དཀོན་མཆོག་ཏ་ལ་ལའི་མདོ། འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པར་བྱེད་པའི་བསྔོ་བའི་མདོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་སེམས་ཅན་ཐམས་ཅད་ལ་གཟིགས་ཤིང་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཀུན་དུ་སྟོན་པའི་མདོ། དཀྱིལ་འཁོར་བརྒྱད་པའི་མདོ། གནས་བརྟན་ཉེ་འཁོར་སྤྱན་དྲངས་པའི་མདོ། བ་ཚ་ཅན་ཆུ་རླུང་གི་མདོ། འཕགས་པ་གསུམ་ལ་སྐྱབས་སུ་འགྲོ་བའི་མདོ། སངས་རྒྱས་བརྒྱད་པའི་མདོ། སངས་རྒྱས་བཅུ་གཉིས་པའི་མདོ། ཆོས་གསུམ་པའི་མདོ། ཕ་མའི་མདོ། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ། ལྟུང་བ་སྡེ་ལྔའི་དགེ་བ་དང་མི་དགེ་བ་བསྟན་པའི་མདོ། རྣམ་པར་གྲོལ་བའི་ལམ་ལས་སྦྱངས་པའི་ཡོན་ཏན་བསྟན་པའི་མདོ། མཁར་བསིལ་འཆང་བའི་ཀུན་དུ་སྤྱོད་པའི་མདོ། གཎྜིའི་དུས་ཀྱི་མདོ། ཤཱ་རིའི་བུའི་མདོ། ཤེར་ཕྱིན་ཟླ་བའི་སྙིང་པོ། ཤེར་ཕྱིན་ཉི་མའི་སྙིང་པོ། ཤེར་ཕྱིན་ཀུན་བཟང༌། ཤེར་ཕྱིན་ཕྱག་ན་རྡོ་རྗེ། ཤེར་ཕྱིན་རྡོ་རྗེ་རྒྱལ་མཚན། ཆོས་ཉིད་རང་གི་ངོ་བོ་ཉིད་ལས་མི་གཡོ་བར་ཐ་དད་པར་ཐམས་ཅད་ལ་སྣང་བ། སྒྱུ་མ་མིན་པ་དང་མཐུན་པའི་མདོ། དཔལ་ཆེན་མོའི་མདོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་གསང་བ་རིང་བསྲེལ་ཟ་མ་ཏོག་གི་མདོ། དོན་དམ་པའི་ཆོས་ཀྱི་རྣམ་པར་རྒྱལ་བ། ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་པའི་རྒྱལ་པོ་ཞེས་བྱ་བའི་མདོ། བདེན་བཞིའི་མདོ། ཆོས་ཀྱི་འཁོར་ལོའི་མདོ། བཅོམ་ལྡན་འདས་ཀྱི་གསུང་ཆེམས་འདུ་ཤེས་བཅུ་བསྟན་པ། གསེར་མདོག་གི་རྟོགས་བརྗོད། རྒྱལ་པོ་ཟླ་འོད་ཀྱི་རྟོགས་བརྗོད། དགེ་བའི་བཤེས་གཉེན་གྱི་རྟོགས་བརྗོད། རྒྱལ་པོ་དཔལ་གྱི་སྡེའི་རྟོགས་བརྗོད། མ་ག་དྷ་བཟང་མོའི་རྟོགས་བརྗོད། རིན་པོ་ཆེའི་ཕུང་པོའི་མདོ། འཇིག་རྟེན་ལས་འདས་པའི་མདོ་སྡེ་བཞི་བཅུ་ཞེ་