R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༣༥
[A:༢༣༥]རྣམ་པར་གདོན་མི་ཟ་བའི་མདོ། ཐེག་པ་ཆེན་པོའི་ཆོས་ཀྱི་རྒྱ་མཚོ་མཽའུ་འགལ་གྱིས་མ་དམྱལ་བ་ནས་དྲངས་པ། ཤེར་ཕྱིན་ཟླ་བའི་སྙིང་པོ། ཉི་མའི་སྙིང་པོ། ཀུན་དུ་བཟངས། རྒྱུ་གདགས་པ། ལས་གདགས་པ། གཞོན་ནུ་གསེར་མདོག་གི་རྟོགས་བརྗོད། དགྲ་བཅོམ་པ་དགེ་འདུན་འཕེལ་ལུང་བསྟན་པ། གར་གའི་ལྟས་ཀྱི་སྣང་བ་བསྟན་པ་རྣམས་ལེགས་པར་ཐོས་སོ།། །། ༆། །གཉིས་པ་ནི། སྐལ་བཟང༌། ལང་གཤེགས་ཇི་སྙེད་འགྱུར། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན། སྙིང་རྗེ་ཆེན་པོ་པད་དཀར། མྱང་འདས་ཆེན་པོ། ཏིང་ངེ་འཛིན་གྱི་རྒྱལ་པོ། འཕགས་པ་ཆོས་བཞི་པའི་མདོ། གནས་འཇོག་གི་མདོ། སྐྱེས་བུ་དམ་པའི་མདོ། བསམ་གྱིས་མི་ཁྱབ་པ་རྒྱལ་པོའི་མདོ། དགེ་བའི་རྩ་བ་ཡོངས་སུ་འཛིན་པ། སྦྱིན་སོགས་ཕར་ཕྱིན་ལྔ་བསྟན་པ། ཆོས་ཐམས་ཅད་འབྱུང་བ་མེད་པ། གསལ་རྒྱལ་ལ་ཚིགས་སུ་བཅད་པའི་མདོ། མེ་ཏོག་ཚོགས་ཀྱི་མདོ། ཕུང་པོ་གསུམ་པའི་མདོ། ལས་ཀྱི་སྒྲིབ་པ་རྒྱུན་བཅོད་པའི་མདོ། དོན་དམ་པའི་ཆོས་ཀྱི་རྣམ་པར་རྒྱལ་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པའི་མདོ། རྣམ་པར་འཐག་པ་ཐམས་ཅད་བསྡུས་པ། བུད་མེད་འགྱུར་བ་ལུང་བསྟན་པ། བུ་མོ་ཟླ་མཆོག་ལུང་བསྟན་པ། མར་མེ་འབུལ་བའི་མདོ། གླང་པོའི་རྩལ་ལྟ་བུའི་མདོ། སངས་རྒྱས་ཀྱི་དབུ་རྒྱན། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་གྱི་མདོ། སཱ་ལུ་ལྗང་པའི་མདོ། འཕགས་པ་ཆོས་ཀྱི་ཕུང་པོའི་མདོ། བློ་གྲོས་རྒྱ་མཚོས་ཞུས་པ། ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པ། བྱང་ཆུབ་སེམས་དཔའ་སའི་སྙིང་པོ་འཁོར་ལོ་བཅུ་པ། ཁྱིའུ་བཞིའི་ཏིང་ངེ་འཛིན། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་འབྲིང་པོ་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས། དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན། རབ་ཏུ་