R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༣༠
[A:༢༣༠]འགྱུར། སངས་རྒྱས་ཀྱི་ས་ཞེས་བྱ་བའི་མདོ། པཎྜི་ཏ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོདྡྷི་དང༌། པྲ་ཛྙཱ་ཝརྨྨ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། སངས་རྒྱས་མི་སྤང་པའི་མདོ་ཞེས་བྱ་བ། པཎྜི་ཏ་ཛི་ན་མི་ཏྲ་དང༌། པྲ་ཛྙཱ་ཝརྨྨ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། དཀྱིལ་འཁོར་བརྒྱད་པ། འཕགས་བཀྲ་ཤིས་བརྒྱད་པའི་མདོ། ཕུང་པོ་གསུམ་པའི་མདོ། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ། པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ཤཱི་ལེནྡྲ་བོདྡྷི་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། སྨན་གྱི་བླ་བཻ་ཌཱུརྻའི་འོད་ཀྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ། པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། དགོངས་པའི་རྒྱུད་ཀྱི་ཕྲེང་བ་ཆེན་པོ། བསྟན་པ་ཡོངས་སུ་བསྔོ་བ་ཆེན་པོའི་རྒྱལ་པོ། པཎྜི་ཏ་དྷརྨྨ་ཀ་ར་དང༌། ལོ་ཙཱ་བ་དཔལ་འབྱོར་གྱི་འགྱུར། མཁན་པོ་བིདྱཱ་ཀཱ་ར་པྲ་བྷ་དང༌། ལོ་ཙཱ་བ་དཔལ་རྩེགས་ཀྱིས་ཞུས། འཕགས་པ་ཡོངས་སུ་བསྔོ་བའི་རྒྱལ་པོ་ཆེན་པོའི་གཟུངས་སྔགས་དང་བཅས་པ་ཇི་སྙེད་པ་བམ་པོ་གཉིས། འཕགས་པ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་ཞེས་བྱ་བ་ཡོངས་སུ་བསྔོ་བའི་མདོ། འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པར་བྱེད་པའི་ཡོངས་སུ་བསྔོ་བ་རྣམས་བཞུགས། ༼འ༽༼ཡ༽༼ར༽༼ལ༽པ་ལ། དྲན་པ་ཉེ་བར་བཞག་པ་སྟོང་ཕྲག་སུམ་ཅུ་རྩ་དྲུག་པ། དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་དམ་པའི་ཆོས་ལ་གུས་པས་རྒྱ་གར་གྱི་རྒྱལ་པོ་ཕུན་སུམ་ཚོགས་པའི་དཔལ་གྱི་རྒྱལ་མཚན་གྱིས་དབང་ཕྱུག་གཞན་པས་ཆོས་མཐོང་བ་དང་ལྡན་པ་ར་མ་པ་ལའི་རིང་ལ་ཐེག་པ་ཆེན་པོའི་མདོ་དྲན་པ་ཉེར་གཞག་འཕྲོ་ཡོངས་སུ་རྫོགས་པར་བྱས་ནས་བསྒྱུར། མདོ་ཆེན་པོ་སྒྱུ་མའི་དྲྭ་བ། པཎྜི་ཏ་ཛི་ན་མི་ཏྲ་དང༌། པྲ་ཛྙཱ་ཝརྨྨ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། མདོ་ཆེན་པོ་འདུས་པ་ཆེན་པོའི་མདོ། པཎྜི་ཏ་ཛི་ན་མི་