R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༢༣
[A:༢༢༣]ཞུས་པའི་མདོ། བམ་པོ་ལྔ། པཎྜི་ཏ་དཔལ་གྱི་ལྷུན་པོ་དང༌། ལོ་ཙཱ་བ་དཔལ་རྩེགས་ཀྱི་འགྱུར། ༼ཕ༽པ་ལ། འཕགས་པ་ཚངས་པས་ཞུས་པའི་མདོ། པཎྜི་ཏ་ཛི་ན་མི་ཏྲ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ཚངས་པས་བྱིན་གྱིས་ཞུས་པའི་མདོ། པཎྜི་ཏ་སུ་རེནྡྲ་བོདྡྷི་དང༌། པྲ་ཛྙཱ་ཝརྨྨ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ཚངས་པ་ཁྱད་པར་སེམས་ཀྱི་ཞུས་པ། བམ་པོ་དྲུག པཎྜི་ཏ་ཤཱཀྱ་པྲ་བྷ་དང༌། དྷརྨྨ་པཱ་ལ་དང༌། ཛི་ན་མི་ཏྲ་དང༌། ལོ་ཙཱ་བ་དྷརྨྨ་ཏ་ཤཱི་ལ་དང༌། ལོ་ཙཱ་བ་དེ་ཝནྟྲེ་རཀྵི་ཏ་དང༌། ཀུ་མ་ར་རཀྵི་ཏ་ལ་སོགས་པའི་འགྱུར། ལྷའི་བུ་རབ་རྩལ་སེམས་ཀྱིས་ཞུས་པ། བམ་པོ་གསུམ། པཎྜི་ཏ་པྲ་ཛྙཱ་ཝརྨྨ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་དཔལ་དབྱིག་གིས་ཞུས་པ། པཎྜི་ཏ་སུ་རེནྡྲ་བོདྡྷི་དང༌། པྲ་ཛྙཱ་ཝརྨྨ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་རིན་ཆེན་དྲྭ་བ་ཅན་གྱིས་ཞུས་པའི་མདོ། པཎྜི་ཏ་ཛྙཱ་ན་གརྦྷ་དང༌། ལོ་ཙཱ་བ་ཡེ་ཤེས་སྙིང་པོའི་འགྱུར། རིན་ཆེན་ཟླ་བས་ཞུས་པའི་མདོ། པཎྜི་ཏ་བི་ཤུདྡྷ་སིངྷ་དང༌། ལོ་ཙཱ་བ་དགེ་བ་དཔལ་གྱི་འགྱུར། པཎྜི་ཏ་བིདྱཱ་ཀ་ར་སིངྷ་དང༌། ལོ་ཙཱ་བ་དེ་བ་ཙནྡྲས་ཞུས། འཕགས་པ་བདེ་བྱེད་ཀྱིས་ཞུས་པ། པྲ་ཛྙཱ་ཝརྨྨ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ། ཀུན་དུ་རྒྱུ་སེན་རིངས་ཀྱིས་ཞུས་པའི་ཐེག་པ་ཆེན་པོའི་མདོ། ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་བཞི། བྲམ་ཟེ་དཔལ་ལྡན་མས་ཞུས་པའི་མདོ། བགྲེས་མོས་ཞུས་པའི་མདོ། ཡེ་ཤེས་སྡེའི་འགྱུར། འཕགས་པ་འཇམ་དཔལ་གྱིས་དྲིས་པའི་མདོ། བམ་པོ་གཅིག བདག་མེད་པ་དྲིས་པ་རྣམས་པཎྜི་ཏ་ཀ་མ་ལ་གུཔྟ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། འཕགས་པ་འཇིག་རྟེན་འཛིན་གྱིས་ཡོངས་སུ་དྲིས་པ་བམ་པོ་བཞི། ལེའུ་བཅུ་གཅིག་པ་རྣམས་བཞུགས