R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༡༥
[A:༢༡༥]སྟོན་པ། མཁན་ཆེན་ཤེས་རྡོར་བ་ནས་གོང་བཞིན་ནོ། །ཡང༌། བ་རི་ལོ་ཙཱ་བ། ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་སྐྱ་པཎྜི་ཏ། འཕགས་པ་རིན་པོ་ཆེ། རྗེ་བཙུན་རྒྭ་ལོ། རོང་པ་ཤེས་རབ་སེང་གེ བག་སྟོན་པ། མཁན་ཆེན་ཤེས་རྡོར་བ་མན་གོང་བཞིན་ནོ། །གཞན་ཡང་དཀར་ཆག་ནས་མ་རྙེད་ཅིང་ལུང་ཐོབ་པ་ལ། ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་གཟུངས། བཅོམ་ལྡན་འདས་ཀྱི་འཇམ་དཔལ་རྣོན་པོ་ལ་བསྟོད་པ། འཇམ་དཔལ་ངག་གི་དབང་ཕྱུག་ལ་བུ་མོ་བརྒྱད་ཀྱི་བསྟོད་པ། འཕགས་པ་ལྷ་མོ་བརྒྱད་ཀྱི་གཟུངས། འཕགས་པ་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་གཟུངས། རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོ། ཆོས་ཐམས་ཅད་ཀྱི་ཡུམ་ཞེས་བྱ་བའི་གཟུངས། འཕགས་པ་བར་དུ་གཅོད་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བའི་གཟུངས། དཔལ་ལྷ་མོ་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་བསྟོད་པ། འཆི་མེད་རྔ་སྒྲའི་གཟུངས། འདི་ཟློས་སམ་བརྟག འཕགས་པ་དོན་ཡོད་ཞགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱ་བའི་གཟུངས། བློ་ལྡན་ཤེས་རབ་ཀྱི་འགྱུར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོའི་གཟུངས་མདོར་བསྡུས་པ་ཞེས་བྱ་བ། འབྲོག་མིའི་འགྱུར་རྣམས་ཀྱི་བརྒྱུད་པའང་རྒྱུད་ཕྲན་རྣམས་དང་གཅིག་གོ །གཞན་ཡང༌། ལྷས་ཞུས་པའི་བདེ་ལེགས་ཀྱི་ཚིགས་བཅད། བདེ་ལེགས་སུ་འགྱུར་བའི་ཚིགས་སུ་བཅད་པ། ལྷས་ཞུས་པའི་བཀྲ་ཤིས། སངས་རྒྱས་རབས་བདུན་གྱི་བཀྲ་ཤིས། རིགས་ལྔའི་བཀྲ་ཤིས་རྣམས་སོ།། ༈ །གསང་སྔགས་རྙིང་མའི་རྒྱུད་ཐོབ་པ་རྣམས་ལ། ཛ་པ་ནས། ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་རྩ་བའི་རྒྱུད་མདོ་ལུང་ལྔ་བཅུ་རྩ་བདུན་པ། པཎྜི་ཏ་ཤྲཱི་སིངྷ་པྲ་བྷ་ཝ་དང༌། ལོ་ཙཱ་བ་བཻ་རོ་ཙཱ་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། རྒྱུད་ཕྱི་མ་མདོ་ལུང་བཅུ་གཉིས་པ། ཕྱི་མའི་ཕྱི་མ་མདོ་ལུང་བཅོ་ལྔ་པ། པཎྜི་ཏ་དཔལ་གྱི་སེང་གེ་མགོན་པོ་དང༌། ལོ་ཙཱ་བ་ཆེན་པོ་བཻ་རོ་ཙཱ་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་