R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༠༣
[A:༢༠༣]གཟུངས་འདི་གཙུག་ཏོར་ཡིན་ཏེ། གཙུག་ཏོར་ནས་བྱུང་བའི་སྙིང་རྗེའི་མཆོག་ཅེས་བྱ་བའི་ཕྱིར་རོ། །ལྔ་པ་ཁྲོ་བོ་རྣམ་པར་རྒྱལ་བ་ཤིན་ཏུ་གསང་བའི་རྒྱུད། རྩ་བའི་རྒྱུད། རྒྱུད་ཕྱི་མ་དང་བཅས་པའི་ལེའུ་ཉི་ཤུ་རྩ་གཉིས་པའོ། །འཕགས་པ་རྡོ་རྗེ་འཇིགས་བྱེད་ཀྱི་གཟུངས། པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། སྐྱོ་འོད་འབྱུང་གི་འགྱུར། འཕགས་པ་བེ་ཅོན་ཆེན་པོའི་གཟུངས། པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤི་ལ་དང༌། ཡེ་ཤེས་སྡེའི་འགྱུར། གཞན་གྱིས་མི་ཐུབ་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བའི་གཟུངས། པཎྜི་ཏ་སུ་རེནྡྲ་བོདྡྷི་དང༌། ཡེ་ཤེས་སྡེའི་འགྱུར། བར་དུ་གཅོད་པ་ཐམས་ཅད་སྦྱོང་བ་ཞེས་བྱ་བའི་གཟུངས། པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། བནྡྷེ་ཡེ་ཤེས་སྡེའི་འགྱུར།། ༈ །།ཏ་པ་ལ། འཕགས་པ་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་ཞེས་བྱ་བ་ལོ་པཎ་གོང་བཞིན། འཕགས་པ་འགྲོ་ལྡིང་པའི་གཟུངས། ལོ་པཎ་གོང་བཞིན། འདི་འཕགས་པ་ར་ཝི་ཏའི་རིག་སྔགས་དང་གནད་གཅིག་གོ །ཚིགས་སུ་བཅད་པ་གཉིས་པའི་གཟུངས། འདི་སྔགས་དོན་ལ་ཁྲོ་བོར་གསལ་ལོ། །ཁྲོ་མོའི་སྐོར་ལ། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ཞེས་བྱ་བའི་གཟུངས། ལོ་པཎ་གོང་བཞིན། འཕགས་མ་བསྐུལ་བྱེད་མའི་གཟུངས་རྣམས་སོ། །དྲུག་པ་ལ། འཕགས་པ་སྒོ་བཟང་པོ་ཞེས་བྱ་བའི་གཟུངས། འདི་ལ་ཁྲོ་བོའམ། ཕོ་ཉ་མོ་ཅི་རིགས་སུ་ཡོད་དོ། །འཕགས་པ་བུ་མང་པོ་སྟོན་པ་ཞེས་བྱ་བའི་གཟུངས། འཕགས་པ་རོ་ལངས་བདུན་པ་ཞེས་བྱ་བའི་གཟུངས། པཎྜི་ཏ་བི་ཤུདྡྷ་སིངྷ་དང༌། བནྡྷེ་ཡེ་ཤེས་སྙིང་པོས་བསྒྱུར་བ་ལས། སླད་ཀྱི་པཎྜི་ཏ་བིདྷྱཱ་ཀ་ར་སིངྷ་དང༌། བནྡྷེ་ཡེ་ཤེས་སྡེའི་འགྱུར། འཕགས་པ་མཚན་མོ་བཟང་པོ་ཞེས་བྱ་བའི་མདོ། པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། བནྡྷེ་ཡེ་ཤེས་སྡེའི་འགྱུར། མདངས་ཕྱིར་འཕྲོག་པ་ཞེས་བྱ་བའི་གཟུངས།