R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༨༦
[A:༡༨༦]ཕྲག་བཅུ་དྲུག་པ་ལས་ཏིང་ངེ་འཛིན་དྲྭ་བའི་ལེའུ་ལོགས་སུ་ཕྱུང་བ་འཇམ་དཔལ་གྱི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་ལེའུ་བཅུ་བཞི་པ། པཎྜི་ཏ་ཀ་མ་ལ་གུཔྟ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བ་ལས། ཤོངས་བློ་བརྟན་གྱིས་བཅོས་པ། འདི་ལ་དཀྱིལ་འཁོར་ལ་ལས་གཅིག་ཏུ་བཀྲལ། ལ་ལས་བདུན་ལ་སོགས་པར་བཀྲལ་ལོ། །བརྒྱུད་པ་ནི་འཇམ་དཔལ་བཤེས་གཉེན། ལྷ་སངས་རྒྱས་ཡེ་ཤེས་ཞབས། ན་ཏྲོ་པ། རྐན་དབང་ཕྱུག་བློ་གྲོས། མགར་སྟོན་རྡོར་སྙིང༌། ཉངས་སྟོད་ལྕེ་འབར། ལ་ཆོག་པ། ཁྲོ་སྟོན་ཀུན་དགའ་འོད་ཟེར། མཁན་པོ་ཆོས་རིན། བླ་མ་ཆོས་སྐུ་འོད་ཟེར། ཀུན་མཁྱེན་འཕགས་འོད། བུ་སྟོན་རིན་པོ་ཆེ། མཁན་ཆེན་ཤེས་རྡོར་མན་སྔར་བཞིན་ནོ། །རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལེའུ་བཅུ་པ་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། འདི་ལ་འགྲེལ་པས་གཙོ་བོ་འཕོ་བའི་དབྱེ་བས་དཀྱིལ་འཁོར་བརྒྱད་བཅུ་རྩ་ལྔར་འགྱུར་རོ། །བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། རབ་གསལ་ཟླ་བ། ཡེ་ཤེས་རྡོ་རྗེ། ཀུན་དགའ་སྙིང་པོ། པྲ་ཛྙཱ་བྷི་རི། མུཀྟི་ཀོ་ཤ ཤྲཱདྡྷ་ཀ་ར། ལོ་ཙཱ་བ་རིན་ཆེན་བཟང་པོ། ལོ་ཆུང་ལེགས་ཤ སུམ་སྟོན་ཡེ་ཤེས་རྡོ་རྗེ། འོད་སྟོན་ལྷ་དབང༌། འོད་སྟོན་སངས་རྒྱས་འབར། ལྷོ་པ་ཐམས་ཅད་མཁྱེན་པ། ཆོས་སེང༌། ཀག་སྟོན་ཆོས་མགོན། སངས་རྒྱས་འབུམ། ལོ་མཆོག བློ་ཆེན། བླ་མ་སེང་རྒྱལ། གར་ཐིག་པ་བསོད་རྒྱལ། མཁན་ཆེན་ཤེས་རྡོར་ནས་གོང་བཞིན་ནོ།། ༈ །རྣམ་པར་སྣང་མཛད་ཀྱིས་རིགས་སུ་གྱུར་པའི་ཁྲོ་བོ་གཤིན་རྗེའི་གཤེད་ཀྱི་སྐོར་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གཤིན་རྗེའི་གཤེད་ནག་པོ་ཞེས་བྱ་བའི་རྒྱུད་ལེའུ་བཅོ་བརྒྱད་པ། པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ་ལས། ཕྱིས་གཉན་དར་མ་གྲགས་ཀྱིས་བཅོས་ཤིང་གཏན་ལ་ཕབ་པ་འདི་