R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༨༤
[A:༡༨༤]གསུམ་འཇོམས་པ་ཞེས་བྱ་བའི་རྒྱུད་དང༌། དེའི་བཤད་པའི་རྒྱུད་གསང་བའི་རྒྱུད་ཀྱི་རྣམ་པར་འབྱེད་པ་དྲག་པོ་གསུམ་འདུལ་ཞེས་བྱ་བ་ལེའུ་གསུམ་པ་དང་གཉིས་པཎྜི་ཏ་དེ་བ་པུརྞ་མ་ཏི་དང༌། འགར་ཆོས་ཀྱི་བཟང་པོའི་འགྱུར། འདི་ལ་ཛ་བ་རི་པས་དཀྱིལ་འཁོར་བཞིར་བཀྲལ་ལོ། །བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། མཁའ་འགྲོ་མ་སེང་གེའི་གདོང་ཅན། ས་བ་རི་པ། ཛ་ཝ་རི་པ། དེ་བ་པུརྞ་མ་ཏི། ལོ་ཙཱ་ཆོས་ཀྱི་བཟང་པོ། གཤེན་སྟོན་རིན་ཆེན་དངོས་གྲུབ། ཀྱི་སྟོན། བསྲེགས་སྟོན། དམ་པ་གྲུབ་ཤེ། ཡེ་སྟོན། པད་མ་ཅན། སློབ་དཔོན་ཇོ་བཙུན། སློབ་དཔོན་མདོ་སྡེ་དཔལ། རྒྱལ་མཚན། ཨུ་རྒྱན་པ། ཆོས་ཀྱི་རྒྱལ་མཚན། གར་ཐིག་པ། མཁན་ཆེན་ཤེས་རྡོར་བ་མན་འདྲའོ། །འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཆོ་ག རྡོ་རྗེ་བེ་ཅོན་གྱི་རྒྱུད་ལེའུ་བཅོ་ལྔ་པ། འདི་ལ་དཀྱིལ་འཁོར་གཅིག་གོ །དེའི་བཤད་རྒྱུད། ཡན་ལག་གི་རྒྱུད། ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་རྡོ་རྗེ་གདེངས་པའི་རྒྱུད་ཁམས་གསུམ་རྣམ་པར་རྒྱལ་བའི་ལེའུ་པཎྜི་ཏ་ཨ་ཊ་མ་ཤྲཱི་མ་ཏི་དང༌། ལོ་ཙཱ་བ་ཆོས་ཀྱི་དབང་ཕྱུག་གི་བསྒྱུར་བའོ། །འདིའི་ལེའུ་གཅིག་ལོགས་སུ་ཕྱུང་བར་གནང་ཞིང་དཀྱིལ་འཁོར་ཟུར་ཙམ་གཅིག་བསྟན་ནོ། །བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། ཡེ་ཤེས་དབང་ཕྱུག་མ། ལས་ཀྱི་རྡོ་རྗེ། ཐང་ལོ་པ། ཤིང་ལོ་པ། ཀརྞ་རི་པ། ཝ་ལ་ཙནྡྲ། རས་ཆུང་པ། འབྲོ་སྒོམ། ཟངས་རི་རྒྱ་རས། རླུང་རིངས། འབུམ་གྲགས། ཤེས་རབ་རྒྱལ་མཚན། བྱ་རིན་འོད། བློ་ཆེན་པ། བདེ་བ་ཅན་པ་ཡེས་མགོན། སེང་རྒྱལ། གར་ཐིག་པ་བསོད་རྒྱལ། མཁན་ཆེན་པ་ནས་གོང་བཞིན་ནོ། །རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད། ལེའུ་ཉི་ཤུ་རྩ་བཞི་པ་དང༌། དེའི་རྒྱུད་ཕྱི་མ་ལེའུ་བཅོ་ལྔ་པ་དང༌། དེའི་རྒྱུད་ཕྱི་མའི་ཕྱི་མ་ལེའུ་བརྒྱད་པ་དང་གསུམ། པཎྜི་ཏ་ཨ་བྷི་ཡུ་ག་ཏི་