R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༦༣
[A:༡༦༣]པ་ནི། སངས་རྒྱས། བཛྲ་པཱ་ཎི། པྲ་ཀཱ་ཤ་ཙནྡྲ། དེ་ལ་རཱ་ཧཱུ་ལ་བྷ་དྲ། སྭསྟི་ཕ་ལ། ཛྙཱ་ན་བཛྲ། པྲ་ཛྙཱ་སིདྡྷི་དང་བཞིས་གསན། དེ་བཞི་ཀ་ལ་ཀུན་དགའ་སྙིང་པོ། དེ་ནས་པྲ་ཛྙཱ་ཝ་ལི་ཏ། པྲ་ཛྙཱ་བོདྡྷི། མུཀྟི་ཀོ་ཥ། དྷརྨཱ་པཱ་ལ། ལོ་ཆེན་རིན་ཆེན་བཟང་པོ། རྒྱ་ཡེ་ཤེས་ཚུལ་ཁྲིམས། གཉལ་པ་ཉི་མ་ཤེས་རབ། མནུར་ཉི་མ་འོད་ཟེར། རྩ་སྐྱ་སྟོན་གྲགས། མཉམ་གད་པ་ཆེན་པོ། རྩ་སྐྱ་སྟོན་འབུམ། རྩ་སྐྱ་ཁྲི་བརྟན། མནུར་ཡེ་ཤེས་རྒྱལ་མཚན། ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། བླ་མ་དཔལ་ལྡན་སེང་གེ བུ་སྟོན་རིན་པོ་ཆེ། ལོ་ཙཱ་བ་རིན་རྣམ་པ། རིན་པོ་ཆེ་གྲགས་པ་རྒྱལ་མཚན། སློབ་དཔོན་རིན་པོ་ཆེའི་ཞལ་སྔ་ནས། དེས་བདག་ལའོ། ༈ །ངན་སོང་སྦྱོང་བའི་རྒྱུད་ལས་གསུངས་པ་བཅོམ་ལྡན་འདས་ཀུན་རིག་རྩ་བའི་དཀྱིལ་འཁོར་སྒོ་ཉིས་སྦག རྩ་བའི་ལྷ་སུམ་ཅུ་སོ་བདུན། མགྲོན་ཐབས་ཀྱི་ལྷ་དྲུག་ཅུ། དཔལ་མགོན་བདུན་ཅུ་དོན་ལྔ་དང་བཅས་པ་མནུར་ལུགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡོངས་སུ་རྫོགས་པ་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་ཀུན་རིག བཛྲ་པཱ་ཎི། པྲ་ཀཱ་ཤ་ཙནྡྲ། རཱ་ཧཱུ་ལ་བྷ་དྲ། ཨཱ་ནནྡ་གརྦྷ། པྲ་ཛྙཱ་བ་ལི་ཏ། པྲ་ཛྙཱ་བོདྡྷི། མུཀྟི་ཀཱོ་ཥ། དྷརྨ་པཱ་ལ། དི་པཾ་ཀཱ་ར་ཤྲཱི་ཛྙཱ་ན། དོ་པ་སྒོམ་ཆེན། ཀྱི་ནོར་ཛྙཱ་ན། གཉལ་པ་ཉི་མ་ཤེས་རབ། མནུར་ཆེན་པོ། གཤེན་རྡོ་རྗེ་སེང་གེ གླན་ཆོས་ཀྱི་འབྱུང་གནས། གཏུམ་སྟོན་ཤཱཀྱ་འབུམ། འཛིམས་པ་རིན་ཆེན་ཤེས་རབ། ཡང་རྩེ་བ་རིན་ཆེན་སེང་གེ ཆོས་རྗེ་བུ་སྟོན། རིན་རྣམ་པ། རིན་པོ་ཆེ་གྲགས་རྒྱལ་བ། མཁས་གྲུབ་ཡེ་ཤེས་རྒྱ་མཚོ། དེས་བདག་ལའོ། ༈ །ཡང༌། མནུར་ཆེན་པོ་ནས། རྩ་སྐྱ་སྟོན་གྲགས། ལྟུམ་སྟོན་ཤཱཀྱ་འབུམ། ཀུན་མཁྱེན་འཛིམས་པ། ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། བླ་མ་དཔལ་ལྡན་སེང་གེ བུ་སྟོན་རིན་པོ་ཆེ་མན་སྔར་ལྟར་རོ། ༈ །སྦྱོང་