R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༥༣
[A:༡༥༣]༄། །མཚུངས་མེད་ཆོས་ཀྱི་རྗེ། རྡོ་རྗེ་སློབ་དཔོན་རིན་པོ་ཆེ་ཡེ་ཤེས་རྒྱ་མཚོའི་དྲུང་དུ་བཀའ་ལུང་ཐོབ་ཡིག དཔལ་ལྡན་མཆོག་གི་དང་པོའི་རྡོ་རྗེ་སེམས། །འགྲོ་བ་འདི་ཡི་རྡོ་རྗེ་སློབ་དཔོན་ཕྱིར། །ངུར་སྨྲིག་འཛིན་པའི་ཚུལ་བཟུང་ཆོས་ཀྱི་རྗེ། །རྒྱ་མཚོའི་མཐའ་ཅན་བླ་མའི་ཞབས་ལ་འདུད། །གང་གི་ཐུགས་ནི་སྙིང་རྗེའི་སྟོབས་ལྡན་རྣམ་དག་མཁྱེན་པས་ཆོས་ཀུན་གཟིགས། །རྒྱལ་བའི་ཆོས་གཏེར་གསང་བའི་མཛོད་འཛིན་གཞན་གྱི་དོན་ལ་དགའ་མགུར་སྤྱོད། །སྲིད་བཞིའི་དཔལ་གྱུར་ཕྲིན་ལས་ལྷུན་གྲུབ་མ་རུངས་བདུད་ཀྱི་ཡུལ་ལས་འདས། །རྒྱལ་བའི་ཡེ་ཤེས་རྒྱ་མཚོར་མྱུར་འཇུག་མཚུངས་མེད་བླ་མ་ལ་ཕྱག་འཚལ། །ཐུགས་བརྩེ་གསེར་གྱི་ས་གཞི་རབ་བརྟན་ཞིང༌། །ཡེ་ཤེས་ཟབ་མོའི་གཏིང་མཐའ་དཔག་དཀའ་བར། །ཡོན་ཏན་ནོར་བུའི་གཏེར་གྱི་རབ་གང་བ། །བླ་མ་རྒྱ་མཚོའི་དཔལ་གྱི་བདག་སྐྱོངས་ཤིག །ཅེས་བསྔགས་པར་འོས་པ་དག་ལ་མཆོད་པར་བརྗོད་དེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། སྙིགས་དུས་ཀྱི་ཐུབ་པ་རྡོ་རྗེ་འཆང་གཉིས་པ། དོན་གྱི་
ལྔ་བཅུ་པ་ལས། དེ་ནས་མཚན་སྨོས་བརྗོད་ནས་ནི་མིང་མཐར་ཞལ་སྔ་ལྡན་པར་བྱ་ཅེས་སོ
།། སླད་དུ་མཚན་ནས་སྨོས་ཏེ། ཆོས་ཀྱི་རྗེ་མཚུངས་མེད་ཡེ་ཤེས་རྒྱ་མཚོའི་ཞལ་སྔ་ནས། བདག་ཅག་ལ་ཐུགས་བརྩེ་བས་ཉེ་བར་དགོངས་ཏེ། སྨིན་གྲོལ་གྱི་ལམ་རྒྱ་ཆེན་པོ་བཀོད་པའི་རིམ་པ་ནི། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་བཞི། གྲུབ་ཆེན་ལཱུ་ཧི་པའི་ལུགས། ཆོས་རྗེ་བུ་སྟོན་གྱི་མཛད་པའི་མངོན་དཀྱིལ་གྱིས་སྟེངས་ནས་དབང་བཞི་ཡོངས་སུ་རྫོགས་པར་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ས་ར་ཧ། ཀླུ་སྒྲུབ། ཤ་བ་རི་པ། ལཱུ་ཧི་པ། དཱ་རི་ཀ་པ། རྡོ་རྗེ་