R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༤༦
[A:༡༤༦]ཀྱི་བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། རབ་གསལ་བ། དེའི་སློབ་མ་ཆོས་མཆོག་བཞི་ནི། སད་དཀར་ཡེ་ཤེས། ཡེ་ཤེས་རྡོ་རྗེ། རྒྱལ་པོ་སྒྲ་གཅན་འཛིན་བཟང་པོ། ཉི་མའི་ཤིང་རྟ་སྟེ། དེ་བཞིས་རྒྱལ་རིགས་ས་ར་ཧ་པ། ཀུན་སྙིང༌། ཐ་ག་ན་པ། ངག་དབང་གྲགས་པ། བ་ལེནྡྲ་པ། ཤཱནྟི་པ། མི་བསྐྱོད་རྡོ་རྗེ། ཤྲདྡྷ་ཀ་ར། ལོ་ཆེན། ལོ་ཆུང༌། སུམ་སྟོན་ཡེ་འབར། གཉན་ཚུལ་འབར། ཐོད་པ་དབེན་ཚ་གྲགས། དགེ་བཤེས་ཇོ་ཕུར། ཐོད་པ་འོད་ཟེར། རོང་པ་ཆོས་མགོན། ལྕེ་བློ་ལྡན་སེང་གེ འཕགས་འོད། བུ་སྟོན། སློབ་དཔོན་དཔལ་མཆོག ཙནྡྲ་པ་སོགས་སོ། །སྟོད་ལུགས་ཀྱི་བརྒྱུད་པ་ནི། ཀུན་སྙིང༌། པྲ་ཛྙཱ་ཝ་ལི་ཏ། གོ་མི་དགེ་བསྙེན། ཤཱཀྱ་ཛྙཱ་ན། ཇོ་བོ་རྗེ་གོ་མི་སྒོམ་ཆེན། ཀྱི་ནོར་ཛྙཱ་ན། གཉལ་ཉི། གནུར་ཉི། གཏུམ་སྟོན་གྲགས། རྩ་སྐྱ་མཉམ་ཁད་པ་ཆེན་པོ། ཁྲི་བརྟན། སྲས་བསོད་བཟངས། དེ་གཉིས་ཀ་ལ་གསལ་བ་བློ་གྲོས་དཔལ། བླ་མ་གྲགས་ཆེན་པ། འཕགས་འོད་སོགས་སོ།། །།ཡང་ན། གནུར་ཉི་ནས། སྟག་ཚལ་གདོང་སྔོན་གྱི་སྤྲུ་སྟོན་འབར་ཐོག རོང་སྨད་ལྷ་སྟེངས་ཀྱི་རྩངས་ཡང་དག་རྡོ་རྗེ། དེའི་སྲས་སྨྲ་སེང༌། ལྕེ་མདོ་སེང༌། ཆོས་འོད། བློ་ལྡན་སེང་གེ འཕགས་འོད་སོགས་སོ།། ༈ །།འཇམ་དཔལ་མཚན་བརྗོད་རྣལ་འབྱོར་རྒྱུད་དུ་འགྲེལ་བ་ལ། ལུགས་ཆེ་བ་གསུམ་ལས། དང་པོ། རྗེ་བཙུན་འཇམ་དཔལ་བཤེས་གཉེན་གྱི་ལུགས། ནམ་མཁའ་དྲི་མེད་ཆུང་བར་གྲགས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་རྫོགས་པ་དང༌། འགྲེལ་པ། དབུགས་དབྱུང་ལྔ་ལ་སོགས་པའི་གཞུང་ཚང་མ། ཆོས་ཀྱི་རྗེ་ཉིད་ཀྱིས་མཛད་པའི་དཀྱིལ་ཆོག་རྣམས་ཀྱི་ལུང་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། འཇམ་དཔལ་བཤེས་གཉེན་སངས་རྒྱས་ཡེ་ཤེས་ཞབས། ནཱ་རོ་པ། རྐན་དབང་ཕྱུག་བློ་གྲོས། མགར་སྟོན་རྡོ་རྗེ་སྙིང་