R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༤༤
[A:༡༤༤]རྩངས་སྨྲ་སེང༌། ལྕེ་མདོ་སེང༌། ཆོས་འོད། བློ་ལྡན་སེང་གེ འཕགས་འོད་སོགས་སོ།། ༈ །།ཡང༌། དུམ་བུ་གཉིས་པ་མན་ནས། ཕྱི་མའི་ཕྱི་མའི་བར་གྱི་སྨད་འགྲེལ་གྱི་བརྒྱུད་པ་ནི། པཎྜི་ཏ་ཐུགས་རྗེ་ཆེན་པོ། ཟངས་དཀར་ལོ་ཙཱ་བ། གནུར་ཉི། སྲས་བཛྲ་སིངྷ༌། གླན་ཆོས་འབྱུང༌། རྩ་སྐྱ་སྟོན་འབུམ། རྩ་སྐྱ་ཁྲི་བརྟན། གནུར་ཡེ་རྒྱལ། གནུར་ཆོས་རྒྱལ། འཕགས་འོད་སོགས་སྔར་བཞིན་ནོ།། ༈ །།དེ་ཉིད་འདུས་པའི་འགྲེལ་པ་ཀོ་ས་ལའི་ལུང་གི་བརྒྱུད་པ་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད། ཕྱག་ན་རྡོ་རྗེ། བུདྡྷ་གུཔྟ། ཡན་ལག་མེད་པའི་རྡོ་རྗེ། འཇམ་པའི་ང་རོ། དཔེ་མེད་རྡོ་རྗེ། སེང་གེ་རྡོ་རྗེ། པད་མ་རྡོ་རྗེའི་མྱུ་གུ་ཞབས། ཨིནྟྲ་བྷུ་ཏི་ཕྱི་མ། རྒྱལ་པོ་ལ་གྲི་མོ། སྣང་བའི་རྡོ་རྗེ། ཡུལ་དབུས་ཀྱི་བུ་མོ་གསང་བའི་རྡོ་རྗེ། ཨོ་ཊེ་ཤའི་རྒྱལ་པོ་བི་སུ་ཀལྤ། ཡུལ་དབུས་ཀྱི་རྒྱལ་རིགས་ས་ར་ཧ་པ། དྲི་མེད་སྙིང་པོ། གྲུབ་པའི་ཡེ་ཤེས། སངས་རྒྱས་ཡེ་ཤེས་ཞབས། ཤཱཀྱ་བཤེས་གཉེན། དེ་ལ་ཨུ་རྒྱན་གྱི་སློབ་དཔོན་ཡོན་ཏན་འབྱུང་གནས་ཀྱིས་གསོལ་བ་བཏབ་པའི་ངོར། ཀོ་ས་ལའི་རྒྱན་མཛད། དེ་ནས། ཤྲཱདྡྷ་ཀ་ར།
བུ་སྟོན་གསན་ཡིག་ན། ཤྲདྡྷ། མན་དཔྱད་པར་བྱ་གསུང༌། འདི་ལ་ཀུན་སྙིང་བཞག་ནས་ཤཱཀྱ་བཤེས་གཉེན་འཇུག་པ་ཡིན་ཞེས་རྩ་སྐྱ་པ་གསུང་ངོ༌
།། བུདྡྷ་ཤྲཱི་ཤཱིནྟི། ལོ་ཆེན། ལོ་ཆུང༌། གཉལ་ཉི། གནུར་ཉི། སྲས་བཛྲ་སིངྷ༌། གླན་ཆོས་འབྱུང༌། རྩ་སྐྱ་སྟོན་འབུམ། ཁྲི་བརྟན། གནུར་ཡེ་རྒྱལ། ཆོས་རྒྱལ། འཕགས་འོད། བུ་སྟོན། ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས། རཏྣ་ཤྲཱི། ཙཎྜ་ཤྲཱི། ཡེ་ཤེས་རྒྱ་མཚོ། ཐམས་ཅད་མཁྱེན་པ་བྱམས་པ་གླིང་པ། དེས་བདག་ལའོ།། ༈ །།ཡང་ན། སངས་རྒྱས། ཕྱག་ན་རྡོ་རྗེ། རབ་གསལ་ཟླ་བ། རབ་འབྱོར་སྐྱངས།
འདི་ལ་ཀུན་སྙིང་བཞག་ནས། ཤཱཀྱ་བཤེས་གཉེན་འཇུག་པ་ཡིན་ཞེས་རྩ་སྐྱ་པ་གསུང་ངོ༌།
ཀུན་སྙིང༌། པྲ་ཛྙཱ་ཝ་ལི་ཏ། པྲ་ཛྙཱ་