R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༤༡
[A:༡༤༡]གྲགས། བྱང་ཆུབ་དཔལ། བསོད་འཕེལ། བག་སྟོན། དུས་འཁོར་བ་བྱང་ཆུབ་བློ་གྲོས། ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས། བཀྲས་རིན་པ། ཀུན་བཟངས་པ། དམར་སྟོན་པ། དཔལ་བྱམས་པ་གླིང་པ། བདག་གོ ༈ །འདིའི་འགྲེལ་པ་ནི། ད་ལྟ་བོད་ན་བཞུགས་པའི་བསྡུས་རྒྱུད་འདི་ཉིད་ཀྱི་འགྲེལ་པ་ཡིན་ཞིང༌། སྒྲུབ་དཀྱིལ་ནི་རྩ་རྒྱུད་ལ་བརྟེན་པ་ཡིན་གསུང་ངོ༌།། ༈ །།མཁའ་འགྲོ་མ་རྡོ་རྗེ་གུར་གྱི་བཀའ་འགྲེལ་ལྷའི་རིགས་ཀྱི་བློ་གྲོས་ཀྱིས་མཛད་པ་ཐོབ་པའི་བརྒྱུད་པ་ནི། ལྷའི་རིགས་ཀྱི་བློ་གྲོས། ནག་པོ་པ། གཱ་ཡ་དྷ་ར། འགོས། ཞི་བ་རྡོ་རྗེ། ཡོན་ཏན་རྡོ་རྗེ། སློབ་དཔོན་གཞོན་ནུ་དཔལ། འཕགས་པ། འཕགས་རྒྱལ། བླ་མ་བཟང་པོ་བ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་མ་སེང་གེ་རྒྱལ་མཚན། མཁན་ཆེན་བསོད་ནམས་དར། དམར་སྟོན་རྒྱལ་མཚན་འོད་ཟེར། དཔལ་བྱམས་པ་གླིང་པ། བདག་ལའོ།། ༈ །།གསང་འདུས་འཇམ་པའི་རྡོ་རྗེའི་ཆོས་བསྐོར་གྱི། སྒྲུབ་ཐབས་ཀུན་ཏུ་བཟང་པོ་འཇམ་དཔལ་ཞལ་ལུང༌། གྲོལ་བའི་ཐིག་ལེ། བདག་བསྒྲུབ་པ་ལ་འཇུག་པ། གཏོར་མའི་ཆོ་ག ཚོགས་འཁོར་གྱི་ཆོ་ག གནོད་འཛིན་ཆུ་དབང་གི་སྒྲུབ་ཐབས། རྒྱ་ཆེ་བའི་ཛཾ་བྷ་ལའི་སྒྲུབ་ཐབས། གསང་བའི་ཛཾ་བྷ་ལའི་སྒྲུབ་ཐབས། སྦྱོར་བ་བདུན་པ། དངོས་གྲུབ་འབྱུང་བའི་གཏེར། དེ་ཁོ་ན་ཉིད་བཅུ་པ་རྣམས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། འཇམ་དཔལ་གྲགས་པ། དཔལ་སྡེ་བ། ཡི་གེ་པ། ཀཧྣ་པ། ཛི་ན་མི་དྲ། བ་ལིཾ་ཨཱ་ཙཱརྻ། གཉོས་ལོ་ཙཱ་བ། གཉོས་རྡོ་རྗེ་བླ་མ། གཉོས་དཔལ་ལེ། གྲགས་པ་དཔལ། རྒྱལ་བ་ལྷ་ནང་པ། དེ་ལ་མཁས་པ་དགེ་བྲག་པ་དང༌། ལྷ་རིན་ཆེན་རྒྱལ་བ་གཉིས་ཀྱི་གསན། དེ་གཉིས་ལ་མཁས་པ་བྱང་དར་གྱི་