R137: ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་རྣམ་པར་མཐར་པ་ངོ་མཚར་གྱི་རྒྱ་མཚོ།

  • Pagination (Witness A): ༤༤ན
[A:༤༤ན]རྣམས་ཀྱང་སྙིང་རྗེ་བར་འདུག །ངེད་རང་ཀྱངཡང་འཇིང་པས་མགོ་མི་ཐེག་པའི་ལུས་འདི་འདྲ་དོར་ནས། ས་གཙང་ཞིག་ཏུ་བཙུན་ཆུང་དབང་པོ་དངས་པོ་ཅིགཞིག་ཏུ་སྐྱེ་བ་བླངས། སློབ་གཉེར་བྱས་ནས་བསྟན་པ་ལ་ཕན་འདོགས་པ་དགའ་བར་འདུག །དེ་ལྟ་ནའང་རིམ་གྲོ་བྱས་པ་དགེ་བའི་རྩ་བ་ཡིན་པས་སྐྱོན་མེད་ཅིང་ལེགས། དགེ་འདུན་གྱི་ཕྱོགས་སུ་སྦྱིན་གཏོང་རྒྱ་ཆེན་པོ་གྱིས"་གསུང་པ་ཙམ་ལས། ཞལ་གྱིས་འཆེས་པ་མ་གནང༌། དེ་རྗེས་སུ། ཐུགས་དམ་འབའ་ཞིག་ལ་བཞུགས་ནས། འཇིག་རྟེན་དང་འབྲེལ་བའི་བཀའ་ལུང་ཆེར་མི་གནང༌། སྙུང་ཟུག་དྲག་པོ་བྱུང་བའི་དུས་སུའང་ཏིང་ངེ་འཛིན་ཁོ་ན་ལ་སྙོམས་པར་ཞུགས་ཏེ། ཆོས་ཀྱི་དབྱིངས་སུ་བསྲེ་བ་ལྷུར་མཛད། གསོལ་སྨན་སོགས་ཞུས་པའི་ཚེ་ནའང༌། ངེད་ལ་ནི། སྨན་འདིས་ཕན་པ་དང་གནོད་པ་གང་ཡང་མེད་མོད་ཀྱི། རོ་མི་ཞིམ་པ་ཙམ་ནི་སྟོང་ཉིད་དུ་སྦྱངས་པས་དགེ་སྦྱོར་གྱི་གྲོགས་སུ་འགྲོ། ཁྱེད་རྣམས་བསམ་པ་གང་བའི་ཕྱིར་དུ་འཐུངས་པས་མཆོགཆོག་གསུང་བ་ཙམ་ལས། བཟའ་བར་གཏོགས་པའི་གསོལ་བ་སོགས་ནི་ཡེ་ནས་མི་བཞེས། མར་དཀར་དང་སྦྱར་བའི་གསོལ་ཐུག་ཇ་སུན་ཙམ་ལན་གཉིས་རེ་དང༌། ཇ་ནག་སུན་ཆུང་ཆུང་གིས་དུས་[C:348]གསུམ་དུ་སྐྱེམས་གསོང་བར་མཛད། སྐུ་བསྲང་སྟེ་སྤྱན་ཕྱེད་ཟིམ་གྱི་ཚུལ་དུ་མི་རྟོག་པ་འབའ་ཞིག་ལ་བཞུགས། སྐབས་ལ་ལར་གཟུངས་སྔགས་ཟབ་མོ་བཟླ་བའི་ཚུལ་ཀྱང་མཛད། ཐུན་མཚམས་སུ་ཐུགས་དམ་བདག་འཇུག་གི་རིམ་པ་རྣམས་དང༌། མཆོད་གཏོར་བསྐང་གསོ་ལ་སོགས་པ་མཚན་བཅས་ཀྱི་ཐུགས་དམ་རྣམས་ཀྱང་སྐུ་ཁམས་སྙོམས་དུས་ཇི་ལྟར་མཛད་པ་ལས་ཅུང་ཟད་ཀྱང་མ་ཆག་པར་མཛད་པ་སོགས། ཞབས་འབྲིང་བ་རྣམས་མི་ངལ་བའི་ཐབས་ཀྱི་བཀའ་དྲིན་བརྩལབསྩལ། སྐུའི་རིམ་གྲོ་རྒྱ་ཆེན་པོ་བསྒྲུབས་