R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༦བ
[A:༤༦བ]དགོངས་པ་ཇི་ལྟར་འགྲེལ། །མི་འགལ་ན་ནི་དེ་ཡི་འཐད་པ་དང་། །ཕྱི་མའི་ཕྱོགས་ཀྱི་ལོ་རྒྱུས་གསལ་བ་ཞིག །ཚད་ལྡན་མཁས་པ་ཁྱད་པར་ས་སྐྱ་པའི། །བླ་མ་གོང་མས་མཛད་པ་ཇི་ལྟར་ཡོད། །ཅེས་གསུངས་པ་ཡིན་ལ། དེ་བཞིན་དུ་ལྷ་མོའི་སྐྱེ་བརྒྱུད་རྣམས་ཀྱི་ཁུངས་མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་དང་། ལྷ་མོ་ཤན་པ་ནག་མོའི་རྒྱུད་དང་། མ་མོ་སྲོག་གི་འཁོར་ལོའི་རྒྱུད་སོགས་ནས་གསལ་བར་བཤད་ཅིང་། འདི་དག་ལ་རྒྱུད་ཚད་ལྡན་ཡིན་མིན་གྱི་དཔྱད་གཞི་ཅུང་ཟད་སྣང་མོད། འོན་ཀྱང་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སོགས་ནས་བརྒྱུད་པའི་ལོ་རྒྱུས་ཀྱི་ཡི་གེ་ཚད་ལྡན་དུ་ནི། བླ་མ་གོང་མ་རྣམས་བཞེད་པ་ཡིན་པས། ལོག་རྟོག་ཆེ་བ་ཆོས་ཀྱི་སྙིང་པོར་མ་འཛིན་ཞིག འདི་དག་ནས་བཤད་པ་ལྟར། ལྷ་མོའི་བསྟོད་པ་དངོས་གྲུབ་འབྱུང་བའི་རྒྱུད་ལས་བཤད་ཅིང་། བྲམ་ཟེ་ཆེན་པོས་ཀྱང་མཛད་པར་གྲགས་པ་ལས། ཏིང་འཛིན་དབང་ཐོབ་གཟུགས་