R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༠༤ན
[A:༢༠༤ན] པར་བཤད་པའི་ཕྱིར་རོ། །དེས་ན་ཞལ་ངོ་ནང་བརྒྱུད་ཀྱི་ཁྲིད་འདི་ནི་ནང་སྒྲུབ་ཐུན་མོང་མ་ཡིན་པ་ཡིན་ཞིང་། ཕྱི་སྒྲུབ་སོགས་གསུམ་དུ་ཕྱེ་བའི་གསང་སྒྲུབ་ཡིན་པར་བླ་མ་བརྒྱུད་པ་རྣམས་བཞེད་པ་ཡིན་ནོ། །ཡང་འདིའི་ལས་སྦྱོར་གྱི་དམིགས་པའི་སྐབས་སུ། རང་དང་བསྒྲུབ་བྱའི་རྩ་རྣམས་ལ་ལྷ་བཀོད་ནས། གཞན་ལ་གཅོད་པའི་དམིགས་པ་བསྒོམ་པའི་ཚེ། ཕན་ཚུན་མཚུངས་པར་འདྲ་བའི་རྟེན་འབྲེལ་གྱི་དབང་གིས་གཞན་ལ་གནོད་པ་བཞིན། རང་གི་ཚེ་སྲོག་ལའང་གནོད་པ་མ་ཡིན་ནམ་སྙམ་ན། འདི་ལ་གནད་ཀྱི་ཞལ་གདམས་འདི་ཡོད་དེ། བསྒྲུབ་བྱ་ཕ་རོལ་པོའི་རྩ་ལ་ལྷ་བཀོད་པ་ནི། ཕྱག་མཚན་གྱི་གྲི་གུག་ལ་སོགས་པའི་སོ་ནང་ལ་བཀུག་ནས་གཅོད་པའི་སྟངས་ཀ་བྱེད་པས་གཞན་ལ་གནོད་པ་ཡིན་ཞིང་། རྣལ་འབྱོར་པ་རང་གི་རྩ་ལ་ལྷ་བཀོད་པ་ན། ནང་ལ་གཅོད་པའི་སྟངས་ཀ་མི་བྱེད་པར། ཕྱི་ལ་འཕྱར་སྟབས་སུ་འཛིན་པས་བར་ཆད་བསྲུང་ཞིང་རང་གི་ཚེ་སྲོག་ལ་