R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༠༠ན
[A:༢༠༠ན] དབང་དུ་བྱ་བ་གསང་བ་ཡང་ཏིག་གི་མན་ངག་གོ །འདི་ལ་གཉིས་ཏེ། ངོ་བོ་ལ་བརྟེན་ནས་སྲོག་གི་ཡང་ཐིག་བླང་བ་དང་། རྣམ་པ་ལ་བརྟེན་ནས་སྲོག་གི་ཡང་ཏིག་བླང་བའོ། །བཞི་པ་ལ་གཉིས་ཏེ། རྟགས་མང་ན་ཇི་ལྟར་བྱ་བ། ནང་རྟགས་བྱུང་ཡང་ཕྱི་རྟགས་མ་བྱུང་ན་ཇི་ལྟར་བྱ་བའོ། །དང་པོ་ལ་གཉིས་ཏེ། ཚོགས་བསགས་ཤིང་བསྙེན་པ་སྐྱར་བ། དམ་ཚིག་གསོས་ཏེ་བསྙེན་པ་བསྐྱར་བའོ། །གཉིས་པ་ལ་གཉིས་ཏེ། སྲོག་ཕུར་གྱི་ལྷ་གནད་ལ་དབབ་པ་དང་། ལས་བྱས་ནས་ལྷ་སླར་གསོ་བའི་ཆོ་གའོ། །དང་པོ་ལ་བཞི་སྟེ། ཨར་ལ་གཏད་པ། ཨུར་ལ་མནན་པ། བཅུད་ལ་བོར་བ། ཤི་ས་བསྟན་པའོ། །གསུམ་པ་ལས་སྦྱོར་ལ་དགུ་སྟེ། འཁོར་ལོས་བསད་པ། ཚ་བ་དུག་ནད་ཀྱིས་བསད་པ། ཕུར་བུས་བསད་པ། ཐུན་གྱིས་བསད་པ། དམ་ཤིང་གིས། བ་དན་གྱིས། སྦྱིན་སྲེག་གིས། མནན་པས། ཟོར་གྱིས་བསད་པ་དང་དགུའོ། །གསུམ་པ། ཐོར་བུའི་